དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྣ་དཀར་རྩེ་རྫོང་གིས“ཟུང་འབྲེལ་བཞིས”གཞི་རིམ་ཏང་འཛུཌ་སྐྱོང་དམ་འཛིན་བྱས་པར་ཕན་འབྲས་དངོས་ཐོན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ན་ནིང་ཤར་ཚུན་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་གིས་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་ནང “ཟུང་འབྲེལ་བཞིར ”གཙོ་གནད་དུ་དམ་འཛིན་ནན་པོ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

        གཞི་རིམ་ཏང་འཛུགས་ལས་དོན་དང་རྨང་གཞི་བཙུགས་ནས་ཕུགས་ཡུན་ལ་དམ་འཛིན་བྱེད་པའི་ལས་དོན་ཕན་ཚུན་ཟུང་འབྲེལ་བྱས་ཤིང་། གཞི་རིམ་ཏང་འཛུགས་ལས་དོན་ཐད་སྣ་དཀར་རྩེ་རྫོང་གིས་སྔ་ཕྱི་བར་གསུམ་དུ་རྩ་སྲ་རྨང་བརྟན་གྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། དམག་འཐབ་ཀྱི་ནུས་པ་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་དེ་ལས་དོན་གྱི་དམིགས་ཚད་དུ་བྱེད་པ་དང་། ལམ་ལུགས་འཛུགས་སྐྱོང་འགན་ལེན་དུ་བྱེད་པ། “གཉིས་གསོ་གཉིས་ཁྲིད ”དང “རིམ་གསུམ་མཉམ་གཏོད ”བྱེད་སྒོ་དམ་འཛིན་བྱ་ཡུལ་དུ་བྱེད་པ་བཅས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་ཅིང་། ཞིང་འབྲོག་མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པ་དང་། མཁོ་ཤོས་ཡིན་པ། སྐྲག་ཤོས་ཡིན་པ། འཁང་ར་མང་ཤོས་བྱེད་པ་བཅས་ཀྱི་གནད་དོན་ནས་འགོ་བཙུགས་ཏེ་མང་ཚོགས་ཚོའི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཡོད་པའི་དངོས་ཡོད་གནད་དོན་ཁྱོན་129 ཐག་གཅོད་བྱས་པས་ཞིང་འབྲོག་མང་ཚོགས་ལ་ཕན་པ་དངོས་ཐོབ་ཡོད།

        གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དེ་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཤིང་། ལྗོངས་ཡོངས་ཀྱི་ལས་བྱེད་པ་ཆིག་ཁྲི་གཞི་རིམ་དུ་བསྐྱོད་དེ་ཏང་གི་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱེད་སྒོའི་བཀོད་སྒྲིག་ལ་གཞིགས་ནས་སྣ་དཀར་རྩེ་རྫོང་གིས་དུས་ཐོག་ཏུ་མཉམ་འབྲེལ་ལས་དོན་ཚོགས་ཆུང་10 བཙུགས་ཏེ་ཤང་དང་གྲོང་རྡལ་ཁག་ཏུ་མངག་གཏོང་བྱས་ཤིང་། མཉམ་འབྲེལ་ལས་དོན་ཚོགས་ཆུང་ཁག་གིས་ཤང་དང་གྲོང་རྡལ་10 དང་། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་110 ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་30 བཅས་སུ་བསྐྱོད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་རྣམས་ལ་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་སྒྲོག་འགྲེལ་ཐེངས་224 བྱས་པར་ཐད་ཀར་ཉན་མཁན་མི་ཐེངས་ 21227 ཟིན་ཡོད།

        གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དེ་སྤྱི་ཚོགས་མཐུན་སྦྱོར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཤིང་། ལྷ་སའི “3·14”དོན་རྐྱེན་ཐོན་རྗེས་རྫོང་དེས་སྤྱི་ཚོགས་བརྟན་ལྷིང་ལས་དོན་ལ་སྲུང་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་དེ་ཏང་གི་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམིགས་པ་དང་། པེ་ཅིང་ཨའོ་རྩལ་འགྲན་ཚོགས་གཉེར་རིང་གི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ངང་བརྟན་ལྷིང་ཡོང་བ། དེ་བཞིན་དུས་བདེའི་སྣ་དཀར་རྩེ་བསྐྲུན་རྒྱུ་བཅས་དམིགས་ཚད་དུ་བྱས་ཏེ་རྫོང་ཡོངས་ཀྱི་ནུས་ཤུགས་བཏོན་པ་དང་དམངས་ཡོངས་ཀྱི་བློ་རིག་བསྡུས་ནས་སྤྱོད་གོ་ཆོད་པའི་བྱེད་ཐབས་བཟོས་པ་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

        གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དེ་དམངས་འཚོ་འཕེལ་རྒྱས་གཏོང་རྒྱུར་དོ་སྣང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཤིང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་སྣ་དཀར་རྩེ་རྫོང་གིས་སྔ་ཕྱི་བར་གསུམ་དུ་དཔལ་འབྱོར་དམ་འཛིན་བྱ་རྒྱུ་དེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དང་ཟུང་འབྲེལ་བྱས་ཏེ་སློབ་ཕྲུག་སློབ་གྲྭ་ནས་འཐེན་རྒྱུ་སྔོན་འགོག་གིས་སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ་འགན་ལེན་བྱེད་པའི་ལས་དོན་ནང་ཤང་དང་གྲོང་རྡལ་དང་། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་ཁག་གིས་ཏང་ཡོན་ལས་བྱེད་པ་སྐུལ་སློང་ཧུར་ཐག་བྱས་ཏེ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་རྫོང་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་དང་། སྨན་རིན་མི་དགོས་པར་མི་ཐེངས་1298 ལ་སྨན་བཅོས་བྱས་པ། བདེ་སྡོད་ལས་གྲྭའི་ལས་དོན་ནང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ཚོས་ཧུར་བརྩོན་ཆེན་པོས་མ་དངུལ་སྒོར་ཁྲི་62.55 གྲབས་གསོག་བྱས་ཏེ་མི་གྲངས་ 5455 ཁང་པ་གསར་པར་སྤོས་པ་ལས་ཏང་ཡོན་གྱི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྔར་བས་གཏིང་ཟབ་སྤེལ་བ་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།