གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལེགས་པར་བྱ་རྒྱུ་དེ་ནི་གྲོང་གསེབ་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་གལ་ཆེའི་འགན་ལེན་ཡིན།
གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུཌ་ནི་ཏང་གི་གྲོང་གསེབ་ཀྱི་ལས་དོན་མཐའ་དག་དང་་འཐབ་འཛིང་ནུས་པའི་རྨང་གཞི་དང་། གྲོང་གསེབ་ཀྱི་རྩ་འཛུགས་འདྲ་མིན་དང་ལས་དོན་ཁག་ལ་འགོ་ཁྲིད་བྱེད་མཁན་སྲོག་ཤིང་དང་། གྲོང་གསེབ་ཀྱི་སྒྱུར་བཅོས་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས “ཞིང་གསུམ ”ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་འགག་རྩ་ཡིན་པས་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྒོ་ཀུན་ནས་ཤུགས་སྣོན་བརྒྱབ་སྟེ་དེའི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ཀྱི་ནུས་པ་བཅས་མཐོ་རུ་རྒྱུན་ཆད་མེད་པར་བཏང་སྟེ་ཡངས་ཤིང་རྒྱ་ཆེ་བའི་བོད་ཀྱི་གྲོང་གསེབ་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཐད་སྲ་ཞིང་བརྟན་པའི་རྩ་འཛུཌ་ཀྱི་འགན་སྲུང་ཞིག་ཡོང་བ་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེན་ཡིན།
གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་ལ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བླང་བྱ་ཡང་ཡིན། རང་ལྗོངས་ལ་མཚོན་ན་འཕེལ་རྒྱས་དང་བརྟན་ལྷིང་གཉིས་ནི་མིག་སྔར་ང་ཚོའི་མདུན་དུ་ལྷག་པའི་བརྗོད་བྱ་གཙོ་བོ་གཉིས་ཡིན་ཞིང་། འཕེལ་རྒྱས་ནི་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི
་རྨང་གཞི་ཡིན་པ་དང་བརྟན་ལྷིང་ནི་འཕེལ་རྒྱས་ཀྱི་འགན་སྲུང་ཡིན། ད་ཕན་ལོ་ཤས་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་རིམ་པ་ཁག་གི་ཏང་ཨུད་ཀྱིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས། ཁྱབ་ཁོངས་རྒྱ་བསྐྱེད། ནུས་པ་ཆེར་གཏོང་བཅས་ཀྱི་གཞི་རྩའི་བསམ་ཕྱོགས་ལ་གཞིགས་ནས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་མང་ཚོགས་ལ་མཐུན་སྒྲིལ་དང་མང་ཚོགས་སྣེ་ཁྲིད་དེ་མཐུན་སྦྱོར་ལྡན་པའི་སྤྱི་ཚོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། འོན་ཀྱང་《ལག་བསྟར་བསམ་འཆར 》ནང་བསྟན་པ་ལྟར་རང་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་གཙོ་གནད་དང་དཀའ་གནད་གྲོང་གསེབ་ཏུ་ཡོད་ལ། གཞི་རིམ་ནི་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྩ་བ་ཡང་ཡིན་པས། གཞི་རིམ་རྩ་འཛུཌ་འཛུཌ་སྐྱོང་དང་། གྲོང་གསེབ་ཀྱི་ཏང་ཡོན་དཔུང་ཁག་གསོ་སྐྱོང་། གཞི་རིམ་རྩ་འཛུཌ་ཀྱི་གོང་བུ་འགྲིལ་ཤུཌ་ཆེ་རུ་གཏོང་རྒྱུ་བཅས་དམ་འཛིན་གྱིས་བརྟན་ལྷིང་སྲུང་སྐྱོང་དང་མཐུན་སྦྱོར་ལ་སྐུལ་སྤེལ་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གིས་སྲིད་སྐྱོང་བའི་རྩ་འཛུཌ་ཀྱི་རྨང་གཞི་ཡིན་པས་གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་སྔ་ཕྱི་བར་གསུམ་དུ་ལྷོད་གཡེང་གཏོང་མི་རུང་། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཇི་ཙམ་ལྕི་བ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་ཇི་ཙམ་ཪྙོག་འཛིང་ཆེ་བ་དེ་ཙམ་གྱིས་གཞི་རིམ་ཏང་རྩ་འཛུཌ་འཛུཌ་སྐྱོང་ལ་ཤུཌ་སྣོན་རྒྱག་དགོས་པ་དང་། དེ་ཙམ་གྱིས་གཞི་རིམ་ཏང་རྩ་འཛུཌ་ཀྱི་ནུས་པ་འདོན་རྒྱུར་མཐོང་ཆེན་བྱེད་དགོས་ཞེས་གསུངས་པ་ལྟར་རང་རྒྱལ་འདི་ཉིད་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་། རང་ལྗོངས་ཀྱི་
སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་དཀའ་ཚེཌ་ཆེ་བ་དང་། ང་ཚོ་དང་ཏཱ་ལའི་ཁ་ཕྲལ་རུ་ཚོཌ་དབར་གྱི་འཐབ་རྩོད་སྔར་བས་རྣོ་ངར་དང་ཪྙོག་འཛིང་ཆེ་བ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་སྔར་བས་དཀའ་ཚེཌ་ཆེ་བ་ཡོད་པས་གཞི་རིམ་དམ་འཛིན་དང་རྨང་གཞི་ལེགས་པར་འདིང་རྒྱུ་དེར་ལྷོད་གཡེང་གཏན་ནས་མི་ཤོར་བ་བྱེད་དགོས།
གཅིག གཞི་རིམ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་མཁན་གྱི་སྣེ་འཁྲིད་པ་གསོ་སྐྱོང་བྱེད་དགོས།
“མེ་འཁོར་མགྱོཌ་དང་མི་མགྱོཌ། མེ་འཁོར་ཨ་མར་རག་ལས ”པའི་དཔེ་ལྟར་གཞི་རིམ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་ཇི་འདྲ་བྱུང་མིན་གྱི་འགག་རྩ་ནི་དད་སེམས་ཡོད་པ་དང་། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་བྱེད་པ། འཇོན་ཐང་ལྡན་པ། སྤྱོད་ཚུལ་ལེཌ་པ་བཅས་ཀྱི་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་དཔུང་ཁག་ཅིག་ཡོད་མིན་ལ་རག་ལུས་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་བྱུང་ཡོད། གཞི་རིམ་རྩ་འཛུཌ་ཀྱི་འགོ་ཁྲིད་ཚན་ཁག་གི་དམག་འཐབ་ནུས་པ་ཆེ་བ་དང་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་གྱི་ནུས་པ་ཆེན་པོ་ཡོད་ཚེ་གཞི་ནས་ས་ཆ་དེ་གའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། ས་ཆ་དེ་གའི་བརྟན་ལྷིང་སྲུང་སྐྱོང་ཐུབ་པ། ས་ཆ་དེ་གའི་མང་ཚོཌ་ཕྱུག་འགྱུར་ཐུབ་པ་བཅས་ཡོང་ཐུབ། དེར་བརྟེན་དང་ཐོག་ངེས་པར་དུ་འགོ་ཁྲིད་ཚན་ཁག་ཧྲག་པོ་ཞིག་དང་ལྷག་པར་དུ་ཏང་ཨུད་དང་ཏང་ཀྲི་པུའུ་ཧྲུའུ་ཅི་དྲག་འདེམས་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཡིན། གཉིས་ནས་དམངས་གཙོ་དང་། ཡོངས་བསྒྲཌ། འགྲན་རྩོད་ལེཌ་འདེམས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གཞི་རིམ་ལས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོཌ་དང་།
ཆབ་སྲིད་ཀྱི་ཁ་ཕྱོཌ། ཏང་གཤིས་བློ་སྦྱོང་བཅས་ཀྱི་ཐད་ཁྱོན་ཡོངས་ནས་དཔྱད་བསྡུར་བྱས་ཐོག་ཡིན་མིན་གསལ་འབྱེད་དང་། ལངས་ཕྱོཌ་བརྟན་པོ། སྤྱོད་ཡོན་གཉིས་ལྡན་བཅས་ཀྱི་ལས་བྱེད་པ་དང་ལྷག་པར་དུ་ཏང་ཨུད་དང་ཏང་ཀྲི་པུའི་ཧྲུའུ་ཅི་འདེམས་གཏོང་བྱེད་དགོས། གསུམ་ནས་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་དཔུང་ཁག་གི་ཡོང་ཁུངས་རྒྱ་བསྐྱེད་དུ་གཏོང་བ་དང་ཕྱོཌ་བསྡུས་བྱང་ཚད་མཐོ་རུ་བཏང་ནས་ཁོང་ཚོའི་སེམས་ཁྲལ་ཧུར་ཐག་སེལ་བ་དང་ཁོང་ཚོའི་ལས་ཀའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེཌ་བྱེད་དགོས། གྲོང་གསེབ་ཀྱི་ཕྱུག་འགྱུར་འཇོན་ཐང་ཅན་དང་། དམག་ཁོངས་ནས་ཕྱིར་ལོག་བྱས་པའི་དམག་མི།
ཕྱིར་ལས་ཀར་བསྐྱོད་ནས་ཕ་ཡུལ་ལ་ཕྱིར་ལོག་བྱས་པའི་ཞིང་འབྲོག་མང་ཚོཌ་བཅས་ཀྱི་ནང་ནས་གྲོང་ཚོའི་ལས་བྱེད་པ་གདམ་གསེས་བྱ་རྒྱུར་དོ་སྣང་གིས་ཕྱུག་འགྱུར་འཇོན་ཐང་ཆེ་བ་དང་། མང་ཚོཌ་ཀྱི་རྨང་གཞི་ལེཌ་པ། ཐུན་མོང་གི་བྱ་བ་བསྒྲུབ་རྒྱུར་དགའ་ཞེན་ཡོད་པའི་མི་གཞི་རིམ་གྱི་ལས་བྱེད་པའི་དཔུང་ཁག་ནང་དུས་ཐོག་ཏུ་འཇུག་ཐུབ་པ་བྱེད་དགོས།
གཉིས། གྲོང་གསེབ་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་མཁན་གྱི་རྐང་འཛིན་སྟོབས་ཤུགས་ཆགས་པ་བྱེད་དགོས།
གྲོང་གསེབ་ཀྱི་ཏང་ཡོན་དང་ལས་བྱེད་པ་ནི་ཏང་གིས་གྲོང་གསེབ་ཀྱི་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུ་ཡིན་པ་མ་ཟད། གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། བརྟན་ལྷིང་དང་མཐུན་སྦྱོར་ཡོང་བ། གྲོང་གསེབ་ཀྱི་སྤྱི་ཚོགས་སྒོ་ཀུན་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་མཁན་གྱི་རྐང་འཛིན་སྟོབས་ཤུགས་ཡིན། ཁོང་ཚོའི་ནུས་པ་འདོན་སྤེལ་ཇི་འདྲ་བྱུང་མིན་དེས་གྲོང་གསེབ་ཀྱི་བརྟན་ལྷིང་དང་། ཞིང་འབྲོག་པ་ཕྱུག་འགྱུར། ཞིང་འབྲོག་ལས་འཕེལ་རྒྱས་་བཅས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཐུབ་པ་བྱེད་དགོས་ན་ངེས་པར་དུ་གཅིག་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་སྔོན་ཐོན་རང་བཞིན་གྱི་སློབ་གསོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ཐོག་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། ཏང་ཡོན་ལ་སློབ་གསོ་གཏོང་བ་དང་དོ་དམ་བྱ་རྒྱུ་ལེགས་སུ་གཏོང་བ། ཏང་ཡོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བྱང་ཚད་མཐོ་བའི་གྲོང་གསེབ་ཀྱི་ཏང་ཡོན་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། གཉིས་ནས་ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་དུ་གསོ་སྐྱོང་བྱེད་པ་དང་ཕྱུག་འགྱུར་འཇོན་ཐང་ཅན་ཏང་ཡོན་དུ་གསོ་སྐྱོང་བྱེད་པའི “ཕྱོགས་གཉིས་གསོ་སྐྱོང ”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས། གསུམ་ནས་གཞི་རིམ་གྱི་ཏང་ནང་གི་དམངས་གཙོ་རྒྱ་ཆེར་གཏོང་བ་དང་ཏང་ཡོན་གྱི་གཙོ་གཟུགས་གནས་བབ་ལ་བརྩི་སྲུང་བྱས་ཏེ་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར་འོས་འགན་སྒྲུབ་པ་དང་དབང་ཆ་སྤྱོད་རྒྱུ་འགན་ལེན་བྱེད་དགོས། བཞི་ནས་ཏང་གི་སློབ་གྲྭ་དང་རྒྱང་ཁྲིད་སློབ་གསོའི་ས་ཚིགས་སོགས་འཐབ་སར་བརྟེན་ནས་གྲོང་གསེབ་ཀྱི་ཏང་ཡོན་སྒྲིག་འཛུགས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། དངོས་སྤྱོད་ལག་རྩལ་བཅས་སློབ་སྦྱོང་བྱེད་དགོས། ལྔ་ནས་ཏང་ཡོན་གྱིས་དུད་ཚང་དང་འབྲེལ་བ་བྱེད་པའི་ལམ་ལུགས་མུ་མཐུད་ལག་བསྟར་བྱས་ཏེ་མང་ཚོགས་ལ་བསམ་བློ་དང་། སྲིད་ཇུས། ལག་རྩལ། མ་དངུལ། ངལ་ནུས་སོགས་ཀྱི་ཐད་རོགས་རམ་བྱ་རྒྱུའི་འགན་ཁུར་ཐོག་ཕྱུག་འགྱུར་དུད་ཚང་དང་ཤེས་དཔལ་ལྡན་པའི་དུད་ཚང་མཉམ་སྐྲུན་བྱེད་དགོས། ཏང་ནང་གི་སྐུལ་འདེད་དང་། སེམས་ཁུར། རོགས་སྐྱོར་བཅས་བྱེད་པའི་ཟུངས་ནུས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གཞི་རིམ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་གྲོང་གསེབ་ཀྱི་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་། ཏང་ཡོན་རྒན་གྲས། དཔེ་བཟང་རྒན་གྲས། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་བཅས་ལ་རོགས་སྐྱོར་ཧུར་ཐག་གིས་ཁོང་ཚོའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ་ཏང་རྩ་འཛུགས་ཀྱི་ཕན་ཚུན་བརྟེན་ནུས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
གསུམ། བརྟན་ལྷིང་སྲུང་སྐྱོང་དང་མཐུན་སྦྱོར་ལ་སྐུལ་སྤེལ་གཏོང་བའི་ནུས་པ་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྤྱི་ཚོཌ་ཡུན་རིང་བརྟན་ལྷིང་ཡོང་བའི་དམག་འཐབ་མཁར་རྫོང་བརྟན་པོ་སྐྲུན་དགོས།
བརྟན་ལྷིང་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ཞིང་འབྲོག་ཁུལ་གྱི་མི་འབོར་གྱིས་80%ཡན་བཟུང་བའི་རང་ལྗོངས་ལ་མཚོན་ན་ཞིང་འབྲོག་ཁུལ་གྱི་མཐུན་སྦྱོར་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ནི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་གཏོང་བའི་རྨང་གཞི་གལ་ཆེན་ཡིན། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི་《〈གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་གལ་ཆེའི་གནད་དོན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 〉ལག་བསྟར་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར 》ནང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས 《བསམ་འཆར 》གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་ཞིང་འབྲོག་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཞིབ་ཚགས་བསྒྲུབས་ཐོག་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྤྱི་ཚོཌ་ཡུན་རིང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཧྲུའུ་ཅི་ཀྲང་ཆིང་ལིས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་ཐོག “གཞི་རིམ་གྱི་རྨང་གཞིའི་ལས་དོན་ཏན་ཏིག་བསྒྲུབས་ནས་སྤྱི་ཚོཌ་བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རཌ་མདུན་མ་དེ་བརྟན་པོ་སྐྲུན་དགོས ”ཞེས་དང་། ཁོང་གིས “འཕེལ་རྒྱས་ནི་བོད་ཀྱི་མི་རིཌ་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་རྩ་བ་ཡིན་པ་དང་། བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བདེ་འཇཌ་དང་བོད་ཡུན་རིང་བདེ་འཁོད་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན ”ཞེས་གསུངས་པ་ལྟར་གཞི་རིམ་ཏང་རྩ་འཛུཌ་ནི་བརྟན་ལྷིང་སྲུང་སྐྱོང་དང་མཐུན་སྦྱོར་ལ་སྐུལ་སྤེལ་གཏོང་བའི་ཁྲོད་གཙོ་ཤུཌ་དམག་གི་ནུས་པ་འདོན་མཁན་དེ་ཡིན། གཞི་རིམ་ཏང་རྩ་འཛུཌ་ཀྱི་སྲིད་སྐྱོང་འཇོན་ཐང་ཆེ་མིན་དེ་བརྟན་ལྷིང་སྲུང་སྐྱོང་གི་ཐད་ནས་གང་ལེཌ་མཚོན་པ་དང་། ཏང་གི་གཞི་རིམ་ལས་དོན་ལེཌ་ཉེས་ལ་ཐད་ཀར་ཤུཌ་རྐྱེན་ཐེབས་ཀྱི་ཡོད། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩི་བ་དང་། མཐུན་སྦྱོར་ལ་སྐུལ་སྤེལ་གཏོང་རྒྱུ་དེ་བརྩོན་ལེན་ཨང་དང་པོར་བཞག་སྟེ་གཞི་རིམ་རྩ་འཛུཌ་ཀྱིས་སྤྱི་ཚོགས་དོ་དམ་དང་། བརྟན་ལྷིང་སྲུང་སྐྱོང་། མཐུན་སྐྱོར་ལ་སྐུལ་སྤེལ་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་དགོས། མིག་སྔའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་གྱིས་ལྗོངས་ཏང་ཨུད་ཀྱི་གཞི་རིམ་ལས་དོན་ལ་ཤུཌ་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་། “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི ”བརྗོད་བྱ་གཙོ་བོའི་བྱེད་སྒོ་གཏིང་ཟབ་སྤེལ་བ། དུས་བདེའི་བོད་ལྗོངས་བསྐྲུན་རྒྱུར་ཤུཌ་སྣོན་གྱིས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཕན་འབྲས་དངོས་ཐོན་པ་བྱས་ཏེ་མི་རིཌ་ཁག་གི་མི་དམངས་རྣམས་དུས་བདེ་འཆམ་མཐུན་གྱི་ཁོར་ཡུག་ཁྲོད་དུ་འཛུཌ་སྐྲུན་བྱེད་པ་དང་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས། གྲོང་གསེབ་ཀྱི་སྲིད་ཁྲིམས་ལས་དོན་ལ་ཤུཌ་སྣོན་བརྒྱབ་སྟེ་ཞིང་འབྲོག་པའི་ཁྲིམས་ལུཌ་ཀྱི་འདུ་ཤེས་དང་ཁྲིམས་ལུཌ་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ཏང་གི་ཆོས་ལུཌ་སྲིད་ཇུས་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་ཁྲིམས་ལྟར་དགོན་པའི་ལས་དོན་ལ་དོ་དམ་བྱས་ཏེ་ཁ་ཕྲལ་ལ་འཐབ་རྩོད་བྱེད་པའི་རང་འགུལ་དབང་ཆ་དམ་པོར་བཟུང་ཐོག་གྲོང་གསེབ་བརྟན་ལྷིང་དང་མཐུན་སྦྱོར་ཡོང་བའི་འགན་ལེན་བྱེད་དགོས།
(རྩོམ་པ་པོའི་ལས་ཁུངས་ནག་ཆུ་ས་ཁུལ་ཏང་གི་སློབ་གྲྭ )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣