དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྣ་དཀར་རྩེ་རྫོང་གིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་གྲུབ་ཆ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་དང་ཏང་ཡོན་གྱི་ཆབ་སྲིད་བསམ་བློའི་བྱང་ཚད་མཐོ་རུ་གཏོང་ཆེད་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་གིས་སྔོན་མའི་ཉམས་མྱོང་དང་བྱ་ཐབས་བཟང་པོ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་ཟུངས་ནུས་འཐུས་སྒོ་ཚང་དུ་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་ཤུགས་སྣོན་བརྒྱབ་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་རྣམ་པ་སྟོབས་ཆེན་ཞིག་ཆགས་ཡོད།

        ལས་བགོས་དང་འགན་འཁྲི་ཆེར་གཏོང་བྱས་ནས་ཏང་འཛུགས་ལས་ཀའི་ཟུངས་ནུས་གསར་པ་རིམ་བཞིན་འཚོལ་ཞིབ་བྱས་ཤིང་། ཟུངས་ནུས་འཛུགས་སྐྱོང་ཐད་འཚོལ་ཞིབ་བྱས་པ་བརྒྱུད་རྫོང་དང་། ཤང (གྲོང་རྡལ )གྲོང་ཚོ་བཅས་རིམ་པ་དབྱེ་བའི་འགན་འཁྲིའི་ལམ་ལུགས་བཙུགས་ཡོད། མིག་སྔར་རྫོང་དེ་ཡོངས་ཀྱི་ཤང (གྲོང་རྡལ ) 10 ཚང་མར་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཁག་བགོས་འགན་གཙང་ལེན་པ་དང་སྲིད་འཛིན་གྲོང་ཚོ་ 110 ཚང་མར་ཤང (གྲོང་རྡལ )གི་འགོ་ཁྲིད་དང་ལས་བྱེད་པ་བཅའ་སྡོད་བྱས་ཡོད།

        གཞི་རིམ་དམ་འཛིན་བྱས་ནས་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་ཏང་རྩ་འཛུགས་ཀྱི་སྔོན་ཐོན་རང་བཞིན་མངོན་གསལ་དོད་པོ་བྱུང་ཡོད། འདི་ལོ་ཤར་ཚུན་རྫོང་དེས་རིམ་ཁག “གཉིས་གསོ་སྐྱོང་དང་གཉིས་སྣེ་ཁྲིད ”ཀྱི་འགོ་ཁྲིད་ཚོགས་ཆུང་ 11 བཙུགས་པ་དང་བསྡོམས་རོགས་སྐྱོར་བྱེད་པའི་ནུས་པ་ལྡན་པའི་ཏང་ཡོན་ 41 གཏན་འཁེལ་བྱས་ནས་ཁ་གཏད་རོགས་སྐྱོར་བྱ་ཡུལ་དུད་ཚང་ 58 དང་མི་གྲངས་ 574 བཙུགས་པ་དང་ཏང་ཡོན་ 41 གིས་དཔལ་འབྱོར་རོགས་སྐྱོར་དང་། བསམ་བློའི་སློབ་གསོ། ལག་རྩལ་མཛུབ་ཁྲིད་སོགས་བྱེད་པའི་ཐབས་ལམ་སྤྱད་པ་བརྒྱུད་མིག་སྔར་མི་ 232 དབུལ་སྒྲོལ་བྱུང་ཡོད།

        དཔལ་འབྱོར་རྩ་འཛུགས་ཀྱི་སྟོབས་ཤུགས་གསར་པ་འབུར་དུ་ཐོན་པ། ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་རྨང་གཞིའི་ལས་ཀར་སྔར་བས་ཤུགས་སྣོན་རྒྱག་ཆེད་སྣ་དཀར་རྩེ་རྫོང་གིས་གཞི་རིམ་ཏང་ཡོན་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གནད་གཅིག་གིས་ཁྱོན་ཡོངས་ཁྲིད་པའི་ཁྱབ་འགྱེད་ཀྱི་ནུས་པ་ཐོན་པ་བྱས་ཡོད། འོ་ཕྱུར་མངར་མོ་ལས་སྣོན་མཐུན་ཚོགས་ཀྱི་དཔལ་འབྱོར་རྩ་འཛུགས་ཁོ་ན་ནས་ཕན་པ་ཐོབ་མཁན་མང་ཚོགས་དུད་ཚང་120 དང་མི་ 627 ཟིན་ཡོད་པ་དང་རྡོ་གཤགས་མཐུན་ཚོགས་ནང་ཞུགས་མཁན་མང་ཚོགས་དུད་ཚང་ 95 ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ 7800 ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།