བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཤར་ཚུན་སྟག་རྩེ་རྫོང་གིས་ཏང་འཛུགས་སྐྱོང་ཐད་ལྷགས་པའི་མངོན་གསལ་་དོད་པའི་གནད་དོན་ལ་དམིགས་ཏེ་བྱ་ཐབས་ཕན་ལྡན་མང་པོ་སྤྱད་ཅིང་། འགོ་ཁྲིད་ཚན་པའི་འཛུགས་སྐྱོང་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་། སྤྱོད་ཚུལ་ལེགས་གཏོང་བཅས་གཙོ་གནད་དུ་འཛིན་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་ལས་ཀའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུར་བརྩོན་ནས་རྫོང་དེ་ཡོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་ལས་དོན་ཁག་ལ་རྩ་འཛུགས་ཀྱི་འགན་ལེན་ཐུབ་པ་བྱས་ཡོདཔ་སྟེ།
གཅིག་ནས་འགོ་ཁྲིད་ཚན་པའི་འཛུགས་སྐྱོང་ལ་སྐུལ་མ་ཧུར་ཐག་བཏང་ཞིང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རིགས་གཞུང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལམ་ལུགས་འཐུས་ཚང་བཏང་བ་དང་། རྫོང་རིམ་པའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དུས་བཅད་ནང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་མཐུན་སྦྱོར་སྤྱི་ཚོགས་འཛུགས་སྐྲུན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག “ལྟ་བ་བཞི་དང་སྨྲ་བ་གཉིས ”དང་དེ་བཞིན “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་གཏོང་སོགས་འབྲེལ་ཡོད་ཀྱི་རིགས་གཞུང་ཤེས་བྱ་སློབ་སྦྱོང་བྱས་པ་བརྒྱུད་ཚན་པའི་ཁོངས་མིའི་ཆབ་སྲིད་རིག་གཞུང་གི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།
གཉིས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་མང་པོ་བཟོས་ཐོག་གཤམ་སྤྲོད་བྱེད་པ་དང་དམིགས་ས་ཡོད་པའི་སྒོ་ནས་བབ་བསྟུན་གྱི་བྱ་ཐབས་དང་བྱེད་ཐབས་འཐུས་ཚང་སྔར་ལས་ལྷག་པ་བཏང་བས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་ཆུ་ཚད་མཐོ་རུ་ཕྱིན་ཡོད། 《ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར 》བཟོས་ནས་གཤམ་དུ་སྤྲོད་པའི་ནང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཐད་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་ཐབས་ཞིབ་ཕྲ་བཏོན་ཏེ་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་མ་ཏན་ཏིག་གཏོང་ཆེད་རྨང་གཞི་བཏིང་བ་དང་། 《ཚོགས་འདུ་གསུམ་དང་སློབ་ཚན་གཅིག་གི་ལམ་ལུགས་འཐུས་ཚང་དང་ཚད་ལྡན་གཏོང་རྒྱུའི་སྐོར་གྱི་བསམ་འཆར 》སོགས་བཟོས་ནས་སྤེལ་བས་གྲོང་ཚོ་ཏང་རྩ་འཛུགས་ཀྱི་ཏང་ནང་ཁུལ་གྱི་འཚོ་བའི་ལམ་ལུགས་འཐུས་སྒོ་ཚང་དུ་ཕྱིན་པ།
གསུམ་ནས་ལས་ཁུངས་ཀྱི་སྤྱོད་ཚུལ་ལེགས་སུ་ཧུར་ཐག་བཏང་ཞིང་། རྫོང་དེ་ཡོངས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པའི་ནང་དུ “ཞབས་ཞུ་ཨང་དང་པོ་དང་ཕན་ནུས་ཨང་དང་པོ ”ནང་དོན་དུ་བྱེད་པའི “ཨང་དང་པོ་གཉིས ”ཀྱི་བྱེད་སྒོ་སྤེལ་ནས་སྔོན་འདྲིའི་འགན་འཁྲིའི་ལམ་ལུགས་དང་དུས་བཀག་དོན་སྒྲུབ་ལམ་ལུགས། ཞབས་ཞུ་ཚབ་སྒྲུབ་ལམ་ལུགས། ཞབས་ཞུ་ཁག་ཐེག་ལམ་ལུགས། གྲོན་བསྡུ་སྤྱི་བསྒྲགས་ལམ་ལུགས་སོགས་ཞབས་ཞུའི་ལམ་ལུགས་ཁག་ལྔ་བཙུགས་པ་དང་འཐུས་ཚང་དུ་བཏང་བས་འཕེལ་རྒྱས་ལ་ཞབས་ཞུ་དང་། མང་ཚོགས་ལ་ཞབས་ཞུ། གཞི་རིམ་ལ་ཞབས་ཞུ་བཅས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པའི་འདུ་ཤེས་ཤུགས་ཆེར་ཕྱིན་ཡོད། རྫོང་དེ་ཡོངས་ཀྱི་ཁོའོ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ནང་དུ་དབུལ་ཕོངས་མང་ཚོགས་དང་“སེམས་སྦྲེལ ”ཁ་གཏད་ཀྱི་དབུལ་སྐྱོར་བྱེད་སྒོ་སྤེལ་བ་བཅས་རེད།