དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་སྙན་ཞུ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ 11ཚེས་25ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་ལྷ་སར་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་པ་སངས་དོན་གྲུབ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་མཚོ་མོ་དང་། ཆའོ་ཡོན་ཀྲུང་། བློ་བཟང་རྡོ་རྗེ་བཅས་ཕེབས་ཡོད་པ་རེད།

        ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་གྱིས་དུས་མཚམས་དང་པོའི་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོ་སྤེལ་ཚུལ་གྱི་སྙན་ཞུ་བྱས་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོར་ཐོབ་པའི་གཞི་རྩའི་ཉམས་མྱོང་དང་ལྷག་པའི་གནད་དོན་དང་དེ་བཞིན་མི་འདང་ས་བཅས་ལ་མཇུག་སྡོམ་དང་ཕྱིར་མིག་བལྟས་པ་དང་པ་སངས་དོན་གྲུབ་ཀྱིས་དུས་མཚམས་གཉིས་པའི་སློབ་སྦྱོང་དང་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་རྒྱུའི་ཐད་བླང་བྱ་ཡང་བཏོན་གནང་བ་རེད།

        ཁོང་གིས་དུས་མཚམས་གཉིས་པར་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱར་ནན་པོ་གཞིགས་པ་དང་སྲིད་གྲོས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྲིད་གྲོས་ཀྱི་བྱ་གཞག་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་གཞི་ཚུགས་ཐུབ་པ་བྱས་ཐོག་ཆབ་སྲིད་གྲོས་མོལ་གྱི་རྣམ་པ་གསར་པ་ཇི་ལྟར་བྱས་ནས་གསར་གཏོད་བྱེད་དགོས་པ་སོགས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་རབ་དངརིམ་པར་བསམ་གཞིགས་ནན་པོ་བྱེད་དགོས་པ་དང་ལྷག་པར་དུ་མི་རིགས་ཁག་དང་ལས་རིགས་ཁག་ལ་ལྗོངས་ཡོངས་ཀྱི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་ལ་གྲོས་བསྡུར་དང་གྲོས་མོལ་བྱེད་པའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་གང་ལེགས་དང་ལས་རིགས་མི་འདྲ་བའི་ཁྱད་ཆོས་དང་བླང་བྱར་གཞིགས་ཏེ་བྱེད་སྒོ་སྤེལ་བ། སྲིད་གྲོས་ཨུ་ཡོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་འགན་ནུས་བསྒྲུབ་རྒྱུར་སྐུལ་མ་གཏོང་བ་སོགས་ཀྱི་ཐད་ལྷག་པའི་སྒྲིག་གཞིའི་ཟུངས་ནུས་ཀྱི་གནད་དོན་ལེགས་བཅོས་གཏོང་བའི་བྱ་ཐབས་དང་བྱེད་ཐབས་ལ་ཞིབ་འཇུག་བྱ་རྒྱུར་བསམ་གཞིགས་ནན་པོ་བྱ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།