བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་23ཉིན་ནས་ཚེས་24ཉིན་བར་རང་སྐྱོང་ལྗོངས་ཀྱིས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་སླར་གསོ་དང་བསྐྱར་སྐྲུན་བྱས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་ཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཅིན་ཧྲུའུ་པོ་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།
བགྲོ་གླེང་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ས་ཁུལ (གྲོང་ཁྱེར )ཁག་དང་དེ་བཞིན་རྫོང་ཁག་གཅིག་དང་ལྗོངས་ཐད་གཏོགས་ཚན་པའི་སྒྲིག་བཤེར་ལས་ཁུངས་ནས་ཡོང་བའི་བློ་མཐུན་ཁག་གཅིག་གིས་ཇི་ལྟར་བྱས་ཏེ་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལས་དོན་དེ་བས་ལེགས་པའི་སྒོ་ནས་སྤེལ་རྒྱུའི་ཐད་དཔྱད་རྩོམ་སྤེལ་རེས་ཀྱི་གཏམ་བཤད་གནང་བ་རེད།
བགྲོ་གླེང་ཚོགས་འདུའི་ཐོག་ད་དུང་ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་ཀྱིས་གོང་འབུལ་ཞུས་པའི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་ཕུལ་བྱུང་ལ་གཟེངས་བསྟོད་བྱས་པ་རེད།