དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷ་རྩེ་རྫོང་གིས་བྱེད་ཐབས་གསུམ་སྤྱད་དེ་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་རྩེ་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ནི་ལྷ་རྩེ་རྫོང་གི་གྲོང་ཁྱེར་འཛུགས་སྐྲུན་དང་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཏོང་ཆ་གཏོང་མང་བའི་ལོ་ཞིག་ཡིན་པ་དང་ལས་མི་མང་དུ་འགྲོ་བའི་གནས་ཚུལ་ལ་དམིགས་ནས་རྫོང་དེས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལ་གཞིགས་ནས་བྱེད་ཐབས་གསུམ་སྤྱད་དེ་ཞིང་པ་ལས་མིའི་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་ཀྱི་ཡོད།

        ངལ་རྩོལ་ཁྲིམས་འཛིན་ལྟ་ཞིབ་ཀྱི་ནུས་པ་ཆེ་རུ་བཏང་ཞིང་། རྫོང་དེས་ལྟ་ཞིབ་ལས་དོན་ཚོགས་ཆུང་བཙུགས་པ་དང་རྟག་ཏུ་ལས་ཡུལ་ཁག་ཏུ་བསྐྱོད་དེ་ངལ་རྩོལ་གན་རྒྱ་འཇོག་པ་དང་། ལས་ཡུལ་གྱི་ལས་མིའི་མིང་དེབ་བཟོ་བ། ལས་མིའི་གླ་ཕོགས་སྤྲོད་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་ཞིབ་བཤེར་བྱེད་རིང་ཤེས་པའི་གནད་དོན་ས་ཆ་དངོས་སུ་ལེགས་བཅོས་བྱ་རྒྱུའི་གཏན་འབེབས་ཡི་གེ་སྤྲོད་པ། དག་ཐེར་བྱས་རྗེས་སླར་ཡང་ཞིབ་བཤེར་བྱས་ནས་དག་ཐེར་དོན་འཁྱོལ་ཡོང་བ་དང་ལྟ་སྐུལ་ལ་ཕན་འབྲས་ཐོབ་པའི་འགན་ལེན་བྱེད་ཀྱི་ཡོད། དུས་མཚུངས་སུ་མི་སྤྱོད་མཁན་ཚན་པའི་བཟོ་ཚོང་ལས་གཉེར་ཐོ་འགོད་ཨང་གྲངས་དང་དེ་བཞིན་ཚན་པའི (ཀུང་སི )ཁྲིམས་མིའི་ཐོབ་ཐང་ལག་འཁྱེར་ཐོ་འགོད་སྙན་སེང་བྱས་ནས་ཀུང་སིར་ཁ་གཡར་ཏེ་ཁྲིམས་འགལ་ངང་ཞིང་པ་ལས་མི་བསྡུ་སྤྱོད་བྱ་རྒྱུ་གཏན་འགོག་བྱེད་ཀྱི་ཡོད།

        དུས་ཐོག་ཏུ་ངལ་རྩོལ་ཞུ་གཏུག་གི་གྱོད་གཞི་བདག་སྤྲོད་བྱེད་ཅིང་། འདི་ལོ་ཤར་ཚུན་ལྷ་རྩེ་རྫོང་གིས་ཁྱོན་བསྡོམས་ངལ་རྩོལ་པའི་གླ་ཕོགས་དང་ལས་རྨས་སོགས་ཐད་ཀྱི་འདྲི་རྩད་དང་ཞུ་གཏུག་ངོ་གྲངས་12བདག་སྤྲོད་བྱས་ཡོད། ཐག་གཅོད་བྱེད་རིང་ལྷ་རྩེ་རྫོང་གི་འབྲེལ་ཡོད་ལས་དོན་མི་སྣས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་དོན་གྱི་དམིགས་ཡུལ་དུ་བྱས་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་རྒྱུར་དམིགས་པ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞི་འཛིན་སར་བྱས་ནས་བརྟག་དཔྱད་ནན་ཏན་བྱེད་པ་དང་ཁྲིམས་སྲོལ་ལྟར་ཐག་གཅོད་བྱེད་ཀྱི་ཡོད།

        ངལ་རྩོལ་རྩོད་གཞི་བར་འདུམ་དང་གྱོད་གཞི་རེ་ཟུང་རྩིས་སྤྲོད་བྱས་ཤིང་། ལས་མིའི་གླ་ཕོགས་ཁ་བཤད་ལག་བསྟར་མི་བྱེད་པའི་སྣང་ཚུལ་ལ་རྫོང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཐོག་ཏུ་བར་འདུམ་ཁྲིམས་ར་བཙུགས་ནས 《ངལ་རྩོལ་རྩོད་གཞི་བར་འདུམ་བཅའ་ཁྲིམས 》ཀྱི་བླང་བྱར་གཞིགས་ནས་བར་འདུམ་ཐག་གཅོད་བྱེད་པ་དང་བར་འདུམ་བྱས་པ་ལག་ལེན་མི་བསྟར་མཁན་ལ་བར་འདུམ་ཁྲིམས་རས་འབྲེལ་ཡོད་དཔྱད་གཞི་ཁྲིམས་ཁང་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།