དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་། ལྗོངས་ཏང་ཨུད་དྲུང་ཆེ་ཚན་ཁག་ལྟེ་བའི་ཚོགས་ཆུང་། ནག་ཆུ་ས་ཨུད། བོད་ལྗོངས་མི་རིགས་སློབ་གླིང་བཅས་ཀྱིས་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་བྱས་པ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཀའོ་དབྱང་གིས་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་བཟོ་ཡོངས་ལ་ནན་ཏན་ངང་སློབ་སྦྱོང་དང་སློབ་སྦྱོང་གི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས་པ་དང་། སློབ་སྦྱོང་བྱེད་རིང་རིགས་པའི་གཞུང་ལུགས་དང་བརྟག་ཞིབ་ཟུང་འབྲེལ་བྱེད་པ་དང་། ཐིང་དེ་ཡོངས་སུ་ཁྲུའུ་དང་ཁང་དུ་སློབ་སྦྱོང་བྱ་རྒྱུ་ཟུང་འབྲེལ་བྱེད་པ། མཉམ་སྡེབ་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་ཟུང་འབྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་སྦྱོང་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ལྗོངས་ཏང་ཨུད་དྲུང་ཆེ་ཚན་ཁག་གི་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣར་ལས་ཀའི་ཁྲོད་དོན་དངོས་དང་ཟུང་འབྲེལ་གྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་མིག་སྔར་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་དང་ཟུང་འབྲེལ་གང་ལེགས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བསམ་བློ་བཙུགས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས་བཅས་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

        ནག་ཆུ་ས་ཨུད་ཀྱིས་ཚོགས་འདུའི་ཐོག་རིམ་ཁག་ཏང་སྲིད་རྩ་འཛུགས་ལ་ཚོགས་འདུའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བསམ་བློར་དྲག་ཆས་ཆེན་པོ་སྤྲོས་པ་དང་། ལྟ་བར་བཅིངས་འགྲོལ་ཆེན་པོ་གཏོང་བ། བྱ་སྤྱོད་ཐད་འགྱུར་ལྡོག་ཆེན་པོ་གཏོང་བ་བཅས་ཡོང་གང་ཐུབ་བྱས་ཏེ་ས་ཁུལ་དེ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་བློ་མཐུན་ཀྲང་ཆིང་ལིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ། གྲོང་གསེབ་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་བཅས་དང་། ནག་ཆུའི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུར་ནན་ཏན་ངང་དམ་འཛིན་ཡག་པོ་བྱས་ཏེ་ས་ཁུལ་དེ་ཡོངས་ཀྱི་གྲོང་གསེབ་སྒྱུར་བཅོས་དང་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

        བོད་ལྗོངས་མི་རིགས་སློབ་གླིང་ཏང་ཨུད་ཀྱིས་སློབ་གླིང་དེ་ཡོངས་ཀྱི་འབྲིང་རིམ་ཡན་གྱི་ལས་བྱེད་པ་སྒྲིག་འཛུགས་བྱས་པའི་སློབ་སྦྱོང་ཚོགས་འདུའི་ཐོག་བོད་ལྗོངས་མི་རིགས་སློབ་གླིང་གི་ཡོན་ཀྲང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལིའུ་ཧུང་ཧྲུན་གྱིས་ཏང་ཡོན་ལས་བཟོ་ཚོས་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ། སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལས་ཀ་ཏན་ཏིག་དང་གསར་འབྱེད་ཡར་བརྩོན་གྱིས་སློབ་གླིང་གི་བྱང་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། སློབ་གཉེར་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་འདི་ལོའི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་ཡོང་བ་དང་བོད་ལ་དེ་བས་མང་ལ་ལེགས་པའི་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།