དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཤན་རྩྭ་རྫོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        འདི་ལོ་ཚུན་དང་ལྷག་པར་དུ་ལྷ་སའི “3·14”དོན་རྐྱེན་ཐོན་ཚུན་ཤན་རྩྭ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ “སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ལྟེ་བའི་ལས་དོན་ལ་གཡོ་འགུལ་མི་གཏོང་རྒྱུའི ”སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ “དུས་བདེའི་ཤན་རྩྭ་གཏོད་རྒྱུ་དང་མཐུན་སྦྱོར་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ ”བརྗོད་བྱ་གཙོ་བོར་བྱས་ཏེ་རྫོང་དེ་ཡོངས་ཀྱིས་སྟོབས་ཤུགས་མཉམ་འདོན་དང་ཕྱོགས་མང་ཐད་ཀྱི་བློ་གྲོས་གཅིག་སྡུད་ཀྱིས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྫོང་དེ་ཡོངས་ཀྱི་སྤྱི་ཚོགས་དུས་བབ་བརྟན་ལྷིང་འགན་ལེན་བྱས་ཡོད།

        ཟུངས་ནུས་འཐུས་ཚང་དུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ།

        འདི་ལོ་ཚུན་དུ་ཤན་རྩྭ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལས་ཀའི་ཟུངས་ནུས་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་སྟབས་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་ཟུངས་ནུས་དོན་འཁྱོལ་བྱེད་པའི་ཐད་ཚད་བརྒལ་གསར་པ་བྱུང་ཡོད། གྲོང་ཚོ་རིམ་པའི་ཡིག་ཚགས་བཟོ་བའི་ལས་ཀའི་ཟུངས་ནུས་ཁྱབ་གདལ་བཏང་ཡོད། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་རྫོང་དེའི་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་3263ལ་གཅིག་སྡུད་ཐོག་ཡིག་ཚགས་བཟོ་རྒྱུ་རེད། གྲོང་ཚོ་རིམ་པའི་ཡིག་ཚགས་བཟོ་བའི་ལས་ཀ་བྱེད་འགོ་ཚུགས་པ་དང་སྦྲགས་རྒྱུན་སྡོད་མི་སྣ་དང་ཕྱོགས་འགྲོའི་མི་འབོར་གྱི་ཚད་ལྡན་ཅན་གྱི་དོ་དམ་དང་ཡིག་ཚགས་བཟོ་བའི་ལས་ཀའང་རྒྱུན་གཏན་བགྲོད་ལམ་ཐོག་སྐྱོད་འགོ་ཚུགས་ཡོད། འགལ་ཟླ་དང་རྩོད་གླེང་གྲལ་བཤེར་དང་འདུམ་འགྲིག་ཟུངས་ནུས་དོན་འཁྱོལ་བྱས་པ་རེད། ཤན་རྩྭ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལོ་ལྟར་གྱི་ཟླ་བ་བཞི་པ་དེ “འགལ་ཟླ་དང་རྩོད་གླེང་གྲལ་བཤེར་དང་འདུམ་འགྲིག་ཟླ་བར ”གཏན་འཁེལ་བྱས་པ་དང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་མཉམ་སྡེབ་བཞུགས་མོལ་སོགས་ཀྱི་རྣམ་པ་སྤྱད་པ་བརྒྱུད་གཞི་རིམ་ལས་དོན་ཁག་གི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱེད་པ་དང་གྲལ་བཤེར་བྱེད་ཁྱོན་100%ལོན་ཡོད། ཕྱོགས་བསྡུས་ལས་ཀའི་རྒྱུན་གཏན་གྱི་དོ་དམ་ཟུངས་ནུས་དང་བྱ་དགའ་ཆད་གཅོད་ཟུངས་ནུས་ཤུགས་ཆེར་བཏང་ཡོད་པ་རེད།

        དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་ཕན་འབྲས་ཐོན་རྒྱུར་དམ་འཛིན་ཡག་པོ་བྱེད་པ།

        ཁྲིམས་ལུགས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་སློབ་གསོའི་ཕན་འབྲས་འགན་ལེན་བྱས་ཤིང་། རྫོང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་དོན་ཁང་དང་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་རྫོང་དེ་ཡོངས་སུ “བཅའ་ཁྲིམས་སྦྱོང་བ་དང་། ཁེ་དབང་ལ་སྣང་ཆེན། འོས་འགན་ལ་སྣང་ཆེན། འགན་འཁྲིར་སྣང་ཆེན ”བཅས་བྱ་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི “སྦྱོང་བ་གཅིག་དང་སྣང་ཆེན་གསུམ ”གྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། རྫོང་ཐད་གཏོགས་ཚན་པ་ཁག་དང་ཤང་གྲོང་ཁག་གིས་བཅའ་ཁྲིམས་ཀྱི་བྱེད་སྒོ་ལས་ཁུངས་དང་། འབྲོག་ཁུལ། སློབ་གྲྭ དགོན་སྡེ། སྡེ་ཁུལ་བཅས་སུ་སྤེལ་བའི་བླང་བྱར་དམ་པོར་དམིགས་ཏེ་བཅའ་ཁྲིམས་དྲིལ་བསྒྲགས་ལས་ཀ་གཏིང་ཟབ་བྱས་ཡོད། མིག་སྔའི་བར་རྫོང་དེ་ཡོངས་ཀྱིས་ཁྱོན་བསྡོམས་ཁྲིམས་ལུགས་གསོ་སྦྱོང་ཐེངས་15བྱས་པ་དང་། སློབ་སྦྱོང་ཆེད་ཚན་120བཟོས་པ། དྲིལ་བསྒྲགས་བྱེད་སྒོ་ཐེངས་73སྤེལ་བ་བཅས་བྱས་པའི་ནང་སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་36000ཟིན་ཡོད།

        བསྡུ་སྒྲིལ་མཉམ་འགུལ་གྱིས་ཕྱོགས་མང་པོ་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པ།

        ཐོག་མཐའ་བར་གསུམ་དུ་དྲིལ་བསྒྲགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཉེས་གསོག་གི་རིགས་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ཞིང་། རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། རྫོང་སྤྱི་བདེ་ཅུས། རྫོང་ཁྲིམས་ཁང་། རྫོང་ཞིབ་དཔྱོད་ཁང་། བཅའ་སྡོད་དཔུང་སྡེ་བཅས་ཀྱིས་མཉམ་འབྲེལ་ཐོག་བྱ་སྤྱོད་སྤེལ་ཏེ་རྩུབ་སྤྱོད་བཅོས་སྒྲིག་དང་དམངས་སེམས་བདེ་འཁོད་ཡོང་བ་བྱས་པ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་ཉེས་གསོག་པའི་རྫིག་ཉམས་བཅག་ཡོད་པ་རེད། རྫོང་སྤྱི་བདེ་ཅུས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་ཅིང་། ཕྱོགས་གཅིག་ནས་གཏན་སྡོད་ལམ་བཤེར་བྱས་ཏེ་འགྲོ་འོང་བྱེད་མཁན་ལ་ཚོད་འཛིན་ནན་པོ་བྱས་པ་དང་དུས་མཚུངས་སུ་རྫོང་གྲོང་གི་གནས་གཙོ་བོ་དང་ལམ་དུམ་བུ་གཙོ་བོར་ལྟ་སྐུལ་ཚོད་འཛིན་ནན་པོ་དང་སྐོར་སྐྱོད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་མངོན་མེད་རྐྱེན་ངན་བསལ་བ་དང་། ཕྱོགས་གཞན་ཞིག་ནས་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྱོད་གཞི་མགྱོགས་ནས་མྱུར་དུ་རྩད་གཅོད་ཐུབ་པ་བྱས་ཤིང་། འདི་ལོའི་ཟླ་8 ཚེས་4 ཉིན་རྫོང་སྤྱི་བདེ་ཅུས་ཀྱིས་ཆུ་ཚོད་ཉེར་གསུམ་ཁོ་ནར་རྐུ་རྒྱག་གི་གྱོད་གཞི་ཞིག་རྩད་བཅད་དེ་དོགས་ཡོད་ཉེས་ཅན་པ་2 འཛིན་བཟུང་བྱས་པ་དང་སྒོར་8400 རི་བའི་རྐུས་དངོས་དང་རྐུས་དངུལ་ཚུར་བླངས་པ་རེད།

        ཉེན་རྟོག་ནན་སྐྱོང་གིས་རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་བ།

        སྲིད་ཁྲིམས་དཔུང་ཁག་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། རྫོང་གི་སྲིད་ཁྲིམས་སྡེ་ཚན་ཁག་གིས་སྤེལ་བཞིན་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་ཁྲིམས་ལྟར་ཉེན་རྟོག་བཅོས་སྐྱོང་དང་སྲིད་ཁྲིམས་དཔུང་ཁག་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་པ་དང་ལས་སྒོའི་རྩལ་ནུས་ཤེས་བྱའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་གི་ཡོད། མིག་སྔར་ཁྱོན་མི་བཅུ་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ས་ཁུལ་བཅས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་སུ་ལས་སྒོའི་རྩལ་ནུས་གསོ་སྦྱོང་ནང་ཞུགས་པར་བཏང་ཡོད། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། རྫོང་དྲིལ་བསྒྲགས་པུའུ་དང་རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྲིད་ཁྲིམས་ལས་ཁུངས་ཁག་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གཙོ་གནད་ཚན་པར་བརྩིས་ནས “སྐར་ཁུང་གི་གཟུགས་བཪྙན་གཏོད་པ་དང་ཚད་ལོན་པའི་ལས་བྱེད་ཉེན་རྟོག་པ་ཞིག་བྱེད་པ ”ཞེས་པའི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བར་ཕན་འབྲས་བཟང་པོ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།