དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྤོ་བོ་རྫོང་གིས་འདུ་འགོད་གཉིས་ལ་བརྟེན་ནས་གཞི་རིམ་ཏང་ཡོན་གྱི་བྱང་ཚད་མཐོ་རུ་གཏོང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་བརྒྱད་གཅིག་ནས་གློག་འཕྲིན་འབྱོར་གསལ། ད་ཕན་ལོ་ཤས་རིང་སྤོ་བོ་རྫོང་གིས “གསོ་སྐྱོང་བཞི ”དང “སྣེ་ཁྲིད་གཉིས ”ཀྱི་འདུ་འགོད་ལག་ལེན་བསྟར་ནས་གཞི་རིམ་ཏང་ཡོན་གྱི་བྱང་ཚད་མཐོ་རུ་གང་ཐུབ་བཏང་བས་གཞི་རིམ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་བྱེད་པའི་ཐད་ཀྱི་གཞི་རིམ་ཏང་ཡོན་ལས་བྱེད་པའི་འཇོན་ཐང་ཆེ་རུ་སོང་ཡོད།

        ད་ཕན་ལོ་ཤས་རིང་སྤོ་བོ་རྫོང་གིས་སྡོང་ཕུང་འདེབས་འཛུགས་དང་། སོན་བཟང་འདེབས་པ། ཕག་གསོ། གཟན་ཆག་ལས་སྣོན་སོགས་དཔེ་སྟོན་རྟེན་གཞི་10 ལྷག་ཙམ་བཙུགས་ཏེ་ལོ་ན་ཕྲ་བ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཡོད་པའི་གྲོང་ཚོའི་ལས་བྱེད་པ་དཔེ་སྟོན་རྟེན་གཞིར་ལྟ་སྐོར་བྱེད་པ་དང་ཕྱོགས་མཚུངས་སྣེ་ཁྲིད་བྱ་རྒྱུའི་ཐད་ཤུགས་སྣོན་བརྒྱབ་ཡོད། སུམ་འཛོམས་གྲོང་རྡལ་དགོན་ཪྙིང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་རྒུ་ཤང་རྒུ་གྲོང་ཚོའི་ཏང་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོ་བཙུགས་པས་པད་མ་བསོད་ནམས་དང་བཀྲ་ཤིས་ཚེ་རིང་སོགས་མང་ཚོགས་ལ་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་དཔེ་སྟོན་དུད་ཚང་མང་པོ་ཞིག་ཐོན་ཡོད།

        གཞི་རིམ་གྱི་ཏང་ཡོན་གྱི་བྱང་ཚད་མཐོ་རུ་གཏོང་བའི་རྨང་གཞིའི་ཐོག་སྤོ་བོ་རྫོང་གིས་བྱ་ཐབས་སྣ་ཚོགས་སྤྱད་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དངོས་ཤུགས་ཆེ་རུ་བཏང་ནས་གཞི་རིམ་རྩ་འཛུགས་ཀྱི་ལྟེ་བར་ཕྱོགས་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།