དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཉིང་ཁྲིའི་དམག་དམངས་ཀྱིས་དམག་དཔུང་དང་ས་གནས་ཀྱི་མཉམ་གཏོད་ལ་ཤུགས་སྣོན་རྒྱག་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་བརྒྱད་གཅིག་ནས་གློག་འཕྲིན་འབྱོར་གསལ། ཉང་ཆུ་གཙང་འགྲམ་དུ་ཉིང་ཁྲི་དང་སྨན་གླིང་རྫོང་གཉིས་ཀྱི་གཞུང་ལམ་འབྲེལ་མཚམས་སུ་མཐོ་ཚད་སྤྱི་ཁྲེ་16ཡོད་པའི་དྲིལ་བསྒྲགས་སྒྲོམ་སྟེགས་དངོས་སུ་སྐྲུན་འགོ་ཚུགས་ཏེ་ཉིང་ཁྲི་ས་ཁུལ་གྱི “དམག་དམངས་མཉམ་གཏོད་ཀྱི་ཁྲོམ་གཞུང་དང་། ཉིང་ཁྲིའི་རྣམ་པ་གསར་པ་གཏོད ”ཅེས་པའི་འདུ་འགོད་སྤེལ་འགོ་ཚུགས་ཡོད།

        ད་ཕན་ལོ་ཤས་རིང་ཉིང་ཁྲི་ས་ཁུལ་གྱིས་གཉིས་བཀུར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བས་ལོ་གཉིས་བསྟུད་མར་རང་སྐྱོང་ལྗོངས་ཀྱིས “གཉིས་བཀུར་དཔེ་བཟང་གྲོང ”ལ་བདམས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཁྲོད་ཉིང་ཁྲི་ས་ཁུལ་གྱི་དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀའི་འགོ་ཁྲིད་ཀྱིས་ཉིང་ཁྲིའི་རྣམ་པ་གསར་པ་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་བརྟན་ལྷིང་དང་། མཐུན་སྦྱོར། དར་རྒྱས་བཅས་ཀྱི་རྣམ་པ་ཞིག་བཏོད་ཡོད། ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་མི་དམངས་དྲག་ཆས་པུས་དམག་དཔུང་དང་ས་གནས་ཀྱི་ཁྲིམས་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་མཉམ་གྲོས་ཁང་དང་། དམག་མི་དང་དེའི་ནང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་འགོ་ཁྲིད་ཚོགས་ཆུང་། བཅའ་ཁྲིམས་ཀྱི་བློ་འདྲིའི་ས་ཚིགས་སོགས་བཙུགས་ནས་དམག་མི་དང་དམག་མིའི་ནང་མིར་ཞབས་འདེགས་ཏན་ཏིག་ཞུས་ཡོད། དེའི་རྨང་གཞིའི་ཐོག་དམག་དམངས་མཉམ་གཏོད་ཀྱི་ཁྲོམ་གཞུང་གཅིག་སྐྲུན་ཞིང་། མཉམ་གཏོད་ཀྱི་འདུ་འགོད་ལག་བསྟར་བྱས་པས་དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀའི “མཉམ་གཏོད ”ཀྱི་སྤྲོ་སེམས་སྔར་བས་འཕེལ་བ་དང་ཆབས་ཅིག་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་བཟང་པོ་ཡང་ཐོན་ནས་ཉིང་ཁྲི་གསར་པ་དང་། གྲོང་གསེབ་གསར་པ། གྲོང་ཁྱེར་དང་གྲོང་རྡལ་གསར་པ་བཅས་སྐྲུན་ཆེད་དེ་བས་ལེགས་པའི་ཆ་རྐྱེན་བཏོད་ཡོད།

        བོད་སྡོད་མེ་སྒྱོགས་ཐོན་ཞིག་གིས་དམངས་རོགས་བྱེད་སྒོའི་ཕན་འབྲས་དངོས་ལ་དོ་སྣང་ཆེན་པོ་བྱེད་པ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་བརྒྱད་གཅིག་ནས་གློག་འཕྲིན་འབྱོར་གསལ། ཏང་གི་མི་རིགས་སྲིད་ཇུས་སྔར་བས་དོན་འཁྱོལ་དང་བཅའ་སྡོད་བྱེད་ཡུལ་དུ་དམངས་རོགས་བྱེད་སྒོ་ཡག་པོ་སྤེལ་ཆེད་བོད་སྡོད་མེ་སྒྱོགས་ཐོན་ཞིག་གིས་ཚན་རྩལ་ལ་བརྟེན་ནས་དམངས་རོགས་ཀྱི་བྱེད་སྒོ་འདྲེན་རྟེན་དུ་བྱས་ཏེ “ཡིང་གིས་གྲོང་ཚོ་འགན་གཙང་ལེན་པ་དང་ལན་གྱིས་དུད་ཚང་འཁྲིད་པའི ”ཚན་རྩལ་ཁྱབ་གདལ་གྱི་དྲ་སྦྲེལ་བཙུགས་ནས་བཅའ་སྡོད་བྱེད་ཡུལ་གྱི་རྒྱང་རིང་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱས་པ་རེད།

        ལོ་ལྟར་ཐོན་དེས་ཕྱི་ཕྱོགས་སུ་སྦྱོང་བརྡར་སྐབས་ཁོང་ཚོས་སྒྲོག་སྦྱངས་དང་དངོས་སྤྱོད་ལག་དེབ་སྤྲོད་རྒྱུ་ཟུང་འབྲེལ་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཚན་རྩལ་ཁྱབ་གདལ་སློབ་གསོ་དང་མཐའ་སྲུང་སྲིད་ཇུས་དྲིལ་བསྒྲགས་ཟུང་འབྲེལ་བྱས་ནས་དཔུང་སྡེ་གང་དུ་སྐྱོད་པ་དེ་གར་ཚན་རྩལ་ཁྱབ་གདལ་སློབ་གསོ་གཏོང་གི་ཡོད་པ་དང་མང་ཚོགས་ལ་ཕྱོགས་གང་ཐད་ཀྱི་ཤེས་བྱ་མཁོ་ཚེ་དེ་དམིགས་སའི་རང་བཞིན་གྱི་སྒོ་ནས་དྲིལ་བསྒྲགས་བྱེད་ཀྱི་ཡོད། ཁོང་ཚོའི་རོགས་རམ་འོག་ན་ནིང་ལོ་གཅིག་གི་དུས་ཚོད་ཁོ་ནར་བཅའ་སྡོད་བྱེད་ཡུལ་གྱི་དུད་ཚང་དབུལ་པོ་12ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་པ་རེད།

        དུས་མཚུངས་ཐོན་དེས་ད་དུང་ཞིང་འབྲོག་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ཐད་དོ་ཁུར་གྱིས་“དམངས་གཅེས་སྨན་བཅོས་རུ་ཁག ”ཐེངས་མང་བཙུགས་ནས་ཞིང་ཁྱིམ་དུ་སྨན་བཅོས་བྱེད་པར་སྐྱོད་པའི་བྱེད་སྒོ་སྤེལ་ཏེ་འོས་འགན་ངང་གྲོང་མིར་ནད་བལྟ་བ་དང་སྨན་སྦྱིན་པ་མ་ཟད་ཞིང་དུད་དུ་བསྐྱོད་དེ་ནད་ལྕི་པོ་ཕོག་པའི་ནད་པར་སྨན་བཅོས་བྱས་སྟབས་གྲོང་གསེབ་ཏུ་ནད་བལྟ་བ་དང་སྨན་ཉོ་དཀའ་བའི་དངོས་ཡོད་གནད་དོན་ཐག་གཅོད་བྱས་པར་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།