དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གཞི་རིམ་རྩ་འཛུགས་ནི་མང་ཚོགས་ཕྱུག་འགྱུར་གྱི་བློ་གཏད་བཅོལ་ཡུལ་ཡིན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        རྣམ་ཀུན་དུ “འདུ་ཤེས་ལ་འགྱུར་ལྡོག་མ་བཏང་ཚེ་རང་སོར་ལུས་པ་དང་འདུ་ཤེས་ལ་འགྱུར་ལྡོག་བཏང་ཚེ་གནམ་ས་ཡངས ”ཞེས་བརྗོད་པ་ལྟར་མིག་སྔར་ཏང་ཀྲི་པུའུ་ཡི་སྣེ་འཁྲིད་འོག་བྱ་ས་ཡུལ་མི་ཨུ་ལྷན་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ལོ་རེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་351.1དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་5990ལོན་པ་དེའི་ནང་དངུལ་སྨར་ཡོང་འབབ་སྒོར་4732ལོན་ཡོད། བྱ་ས་ཡུལ་མི་ཨུ་ལྷན་གྱི་ཏང་ཀྲི་པུའུ་དེ་མང་ཚོགས་ཕྱུག་འགྱུར་གྱི་བློ་གཏད་བཅོལ་ཡུལ་ཞིག་ཏུ་འགྱུར་ཡོད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་གཞི་རིམ་གྱི་རྨང་གཞིའི་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་གི་ལྟེ་བའི་ལས་ཀ་ཡིན་པ་གསལ་པོ་བསྟན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལིས “རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་གཞི་རིམ་ལ་དམ་འཛིན་བྱས་ཏེ་ངེས་པར་དུ་མི་རིགས་ཁག་གི་མང་ཚོགས་ལ་བློ་གཏད་བཅོལ་ཡུལ་ཡོད་པ་བྱེད་དགོས་པའི ”ནན་བཤད་གནང་ཡོད།

        བྱ་ས་ཡུལ་མི་ཨུ་ལྷན་གྱིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བརྟེན་ནས་མང་ཚོགས་ཕྱུག་འགྱུར་སྣེ་འཁྲིད་བྱས་པའི་ཉམས་མྱོང་གི་ཐོག་ནས་ངེད་ཚོར་གཞི་རིམ་རྩ་འཛུགས་སྲ་བརྟན་འགྱུར་མེད་དང་ནུས་ལྡན་ཡིན་ཚེ་ཕྱོགས་དེའི་མང་ཚོགས་ལ་ཡོངས་ཁྱབ་ཏུ་ཕན་པ་ཐོབ་པ་དང་། གཞི་རིམ་རྩ་འཛུགས་ཇུས་མང་གཅོད་མཁས་ཡིན་ཚེ་ཕྱོགས་དེའི་མང་ཚོགས་ཕྱུག་འགྱུར་བྱེད་པའི་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་པ་ཡོད་པའི་བློ་སྒོ་ཕྱེ་ཡོད།

        རང་ལྗོངས་ཀྱི་གཞི་རིམ་རྨང་གཞིའི་ལས་ཀའི་དོན་དངོས་གནས་ཚུལ་ནས་བལྟས་ན། ཏང་གི་གཞི་རིམ་རྩ་འཛུགས་འཐུས་སྒོ་ཚང་བ་དང་དམག་འཐབ་མཁར་རྫོང་གི་ནུས་པ་བཏོན་ཚེ་ལས་དོན་ཁག་གོ་རིམ་ལྡན་པ་དང་གསོན་ཉམས་ལྡན་ལ་ཕན་འབྲས་ཐོན་པ་ཞིག་ཡོད་པ་དང་། དེ་ལས་ལྡོག་ཚེ་སྲན་མ་ཐོར་བ་ལྟར་ལས་དོན་ཁག་སྤེལ་བར་གོ་རིམ་མེད་པ་དང་ཕན་འབྲས་ཐོན་མི་ཐུབ།

        ཅིན་ཧྲུའུ་པོའོ་ཡིས་ལྗོངས་ཡོངས་ཞིང་འབྲོག་ཁུལ་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ཐོག

        ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་ནན་ཏན་གཏོང་དགོས་པའི་བླང་བྱ་བཏོན་གནང་བ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཉམས་མྱོང་སྤེལ་རེས་ཚོགས་འདུ་དེ་ཉེ་ཆར་ལྷ་སར་འཚོགས་ཤིང་། དེ་ནི་རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱེད་པའི་ཚོགས་འདུ་ཐེངས་དང་པོ་དེ་རེད།

        ཅིན་ཧྲུའུ་པོའོ་ཡིས་ཞིང་འབྲོག་ཁུལ་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཞི་ཁྱོན་ཆེ་བ་དང་། སྲིད་ཇུས་རང་བཞིན་ཆེ་བ། མང་ཚོགས་ཀྱིས་སེམས་ཁུར་བྱེད་ཚད་ཆེ་བ། ལས་ཀའི་དཀའ་གནད་ཆེ་བ་བཅས་ཡོད་པས་ངེས་པར་དུ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། ཡུལ་བབ་དང་བསྟུན་པ། བདེན་འཚོལ་གསར་གཏོད། སྐུལ་འདེད་བརྟན་པོ་གཏོང་བ། དམ་འཛིན་ལྷོད་མེད་བཅས་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དུས་བབ་དང་འཚམ་པ་བྱེད་པ་དང་བསམ་ཕྱོགས་གསར་གཏོད་ཀྱིས་ཞིང་འབྲོག་ཁུལ་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ ཞིང་འབྲོག་ཁུལ་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཐད་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་ཞེས་གསུང་པ་རེད།

        ཅིན་ཧྲུའུ་པོའོ་ཡིས་དེང་སྐབས་དང་སླད་ཕྱིན་ཀྱི་དུས་སྐབས་ཤིག་རིང་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁག་གིས་གཤམ་གསལ་གྱི་ཕྱོགས་དྲུག་ཐད་ཀྱི་ལས་དོན་ལ་དམིགས་སུ་བཀར་ནས་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནས་ཁ་ཕྱོགས་དམ་འཛིན་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གཉིས་ནས་དམངས་སེམས་དམ་འཛིན་བྱས་ནས་ཏང་གི་ཞིང་འབྲོག་ཁུལ་གྱི་སྲིད་ཇུས་དོན་ཐོག་འཁྱོལ་རྒྱུའི་འགན་ལེན་བྱེད་པ། གསུམ་ནས་སློབ་གསོར་དམ་འཛིན་བྱས་ནས་བསམ་བློ་ཀུན་སྤྱོད་ཀྱི་འགོག་སྲུང་བརྟན་པོ་ཞིག་སྐྲུན་པ། བཞི་ནས་ལམ་ལུགས་དམ་འཛིན་བྱས་ནས་གཞི་རིམ་ལས་བྱེད་པའི་སྲིད་ཞུགས་བྱ་སྤྱོད་ཚད་ལྡན་ཡོང་བ་བྱེད་པ། ལྔ་ནས་ལྟ་སྐུལ་ལ་དམ་འཛིན་བྱས་ནས་གཞི་རིམ་གྱི་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དྲུག་ནས་ཆད་གཅོད་ལ་དམ་འཛིན་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་བཅས་རེད་ཅེས་ནན་བཤད་གནང་བ་རེད།

        ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་ཀྱི་གྲོང་གསེབ་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་དགོངས་དོན་རྒྱུད་བསྒྲགས་བྱས་པ་དང་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དང་རྫོང་དང་གྲོང་རྡལ་ཁག་གཅིག་གིས་ད་དུང་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཐད་སྤེལ་རེས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།