དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས་ལྷ་སར་བཅའ་སྡོད་གཞིས་རྩེ་ས་ཁུལ་དོན་གཅོད་ཁྲུའི་ལས་འཁྱུར་ངལ་གསོའི་ཏང་ཀྲི་པུའུ་དང་པོའི་གུང་ཁྲན་ཏང་ཡོན་དྲུག་ཅུ་ལྷག་ཙམ་གྱིས་ལས་འཁྱུར་ངལ་གསོའི་བྱེད་སྒོའི་ལྟེ་གནས་སུ་འཛོམས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་ཞུགས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཁ་ཕྲལ་ལ་་ངོ་རྒོལ་བྱེད་རྒྱུའི་གལ་ཆེའི་རང་བཞིན་གླེང་བ་དང་། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུ་དེ་ཐམས་ཅད་ལས་ལྷག་པར་བརྩི་རྒྱུ་ནི་མིག་སྔའི་ལས་དོན་གྱི་གཙོ་གནད་དང་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་ཞིག་རེད་ཅེས་བཤད་པ་རེད། སློབ་གསོའི་བྱེད་སྒོ་འགོ་ཚུགས་པའི་ཚོགས་འདུའི་ཐོག་ཏང་ཀྲི་པུའི་ཁོངས་མི་བུ་ཚེ་རིང་གིས་གཞིས་རྩེ་ས་ཁུལ་གྱི་ཏང་ཡོན་རྒན་གྲས་ཀྱི་ཁྲོད་དུ་ནན་ཏན་ངང “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད ”བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་གལ་ཆེའི་ཡིག་ཆ་དང་། དེ་བཞིན་གཞི་རིམ་ཏང་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་ནང་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་དགོས་པའི་སྐོར་སོགས་སྒྲོག་སྦྱངས་བྱས་པ་དང་ཕྱོགས་མཚུངས་ཁོང་གིས་གཏམ་བཤད་སྤེལ་ཞིང་། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་ལས་བཟོ་ཚོས་སྔར་བས་ལྷག་པའི་སྒོ་ནས་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་ང་ཚོའི་སྤྱི་ཚོགས་དུས་བདེ་བརྟན་ལྷིང་དང་། མི་དམངས་བདེ་སྡོད་ལས་བརྩོན་ཡིན་པའི་རྣམ་པ་སྲུང་སྐྱོང་བྱས་ཏེ་གུང་ཁྲན་ཏང་ཡོན་གྱི་བླ་ན་མེད་པའི་གཟུགས་བཪྙན་གཏོད་དགོས་ཞེས་བཤད་པ་རེད།

        ཏང་ཀྲི་པུའི་ཧྲུའུ་ཅི་ཆུང་བདག་གིས་ད་རེས་ཀྱི་སློབ་གསོའི་བྱེད་སྒོ་ནི་དུས་ཐོག་ཏུ་འཁེལ་བ་ཞིག་དང་དགོས་ངེས་རང་བཞིན་ཞིག་ཡིན་པས་ཚང་མས་སློབ་སྦྱོང་ནན་ཏན་བྱེད་པ་དང་སྦྲགས་རང་གི་བསམ་བློ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚད་ལྡན་གྱི་གུང་ཁྲན་ཏང་མི་དང་མི་དམངས་མང་ཚོགས་ཀྱིས་བློས་འགེལ་ཆོག་པའི་ཏང་མི་ཞིག་བྱེད་དགོས་པའི་སྐོར་སོགས་གླེང་བ་རེད། གཞན་ཡང་ཏང་ཡོན་རྒན་གྲས་ཚོས་ཁ་ཕྲལ་དང་ཟིང་སློང་ནི་ཆག་སྒོ་ཡིན་པ་དང་མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པའི་དོན་དངོས་ལ་ངོས་འཛིན་གཏིང་ཟབ་བྱས་པ་རེད།

     

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།