དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཡུན་རིང་བདེ་འཁོད་ངང་མཁར་རྫོང་བརྟན་དུ་གཏོང་བ་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ད་ཕན་ལོ་ཤས་རིང་ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱས་ཏེ “རིམ་གསུམ་མཉམ་གཏོད ”ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་འབོད་སྐུལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་བརྟེན་ནས་ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་མཐུན་སྦྱོར་ཅན་གྱི་འཛུགས་སྐྲུན་འཕེལ་རིམ་ལ་སྐུལ་འདེད་བཏང་ཐོག་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་འཚོའི “གླུ་དབྱངས་གཉིས ”བརྩམས་པ་སྟེ། ལམ་ལུགས་ལ་དམིགས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས “གསར་གཏོད་གླུ་དབྱངས ”དང་དམངས་འཚོར་དམིགས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ “དགའ་སྤྲོའི་བསྟོད་དབྱངས ”བླངས་ཡོད།

        དམངས་ཞེན་གྱི “གསར་གཏོད་གླུ་དབྱངས ”བླངས།

        “ང་ནི་ཏང་ཡོན་ཡིན་པས་རང་ཉིད་ནས་འགོ་འཛུགས་པ་དང་ངར་མིག་དཔེ་ལྟ་བ་དང་ངར་ལྟ་སྐུལ་བྱེད་དགོས ”ཞེས་པ་ནི་ཟངས་རི་རྫོང་གི་རྒྱ་ཆེའི་ཏང་ཡོན་གྱི་གཟི་བརྗིད་ཁས་ལེན་ཞིག་རེད། ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དུས་སྐབས་གསར་པའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་བླང་བྱ་གསར་པ་དང་འགྲན་སློང་གསར་པར་གཞིགས་ཏེ་གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱས་ནས་རྫོང་དེ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ཁྲོད “བཟང་པོ་ལྔའི་ཏང་ཡོན ”གྱི་བྱེད་སྒོ་སྤེལ་བ་སྟེ། ཞིང་འབྲོག་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི “སྙིང་ཉེ་བའི ”ཏང་ཡོན་བཟང་པོ་གང་ཐུབ་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡུག་རྟོགས་མཁན་ཏང་ཡོན་བཟང་པོ་ཞིག་གང་ཐུབ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་གནས་ཚུལ་ཤོད་ཐུབ་མཁན་འཐུས་ཚབ་པའི་ཏང་ཡོན་བཟང་པོ་ཞིག་གང་ཐུབ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་ཏང་ཡོན་བཟང་པོ་ཞིག་གང་ཐུབ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ལམ་སྣེ་ཁྲིད་མཁན་ཏང་ཡོན་བཟང་པོ་ཞིག་གང་ཐུབ་བྱེད་པ་བཅས་རེད། བྱེད་སྒོ་སྤེལ་རྗེས་ཏང་ཡོན་ཚང་མས་དུད་ཚང་2ཡན་གྱི་ཞིང་འབྲོག་ཁྱིམ་ཚང་བདམས་ཏེ་རང་ཉིད་ཀྱི་འབྲེལ་གཏུག་བྱེད་སའི་དུད་ཚང་དུ་བརྩིས་པ་དང་འབྲེལ་རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས “བཟང་པོ་ལྔའི་ཏང་ཡོན ”གྱི་བླང་བྱ་ལག་བསྟར་བྱས་ཡོད།

        གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། ཤུགས་རྐྱེན་ཐེབས་ནུས། འབོད་སྐུལ་ནུས་པ་བཅས་ཆེ་རུ་གཏོང་བར་དང་ཐོག་གཞི་རིམ་ཏང་རྩ་འཛུགས་ནང་ཁུལ་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་དགོས། ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པའི་ཐོབ་ཐང་མཐོ་རུ་གཏོང་བ་དང་ཏང་ནང་གི་སྐུལ་སློང་དང་རོགས་སྐྱོར་ཟུངས་ནུས་འཛུགས་རྒྱུ་ནས་འགོ་བཙུགས་ཏེ་སྒྲིག་སྲོལ་ལམ་ལུགས་མང་པོ་ཞིག་བཟོས་པས་གྲོང་ཚོའི་ལས་བྱེད་པའི་སྐུལ་གཏོང་དང་དོ་ཁུར་ཟུངས་ནུས་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་ཚོའི་ལས་བྱེད་པར “ལས་གནས་ཐོག་རེ་བ་ཡོད་པ་དང་། ལས་ཤུགས་ཆེ་བ། ལས་གནས་ནས་བྲལ་ཀྱང་བརྟེན་ས་ཡོད་པ ”བཅས་བྱུང་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་རིམ་པའི་ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི་12སྔོན་རྩིས་བྱས་ཏེ་གྲོང་གསེབ་ཀྱི་ལས་བྱེད་པའི་ཐོབ་ཐང་མཐོ་རུ་གཏོང་བའི་ཐད་སྤྱད་པ་དང་དུས་མཚུངས་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི་27བཀོད་སྒྲིག་བྱས་ནས་སྒྲིག་ཁུངས་སུ་ཡོད་པའི་གྲོང་ཚོའི་ལས་བྱེད་པ་གཞི་རྩའི་རྒན་གསོའི་འགན་བཅོལ་ཁྱབ་ཁོངས་ནང་བཅུག་པ་དང་འབྲེལ་ཆེད་དོན་སྔོན་རྩིས་མ་དངུལ་སྒོར་ཁྲི་3བཀོད་སྒྲིག་གིས་ལོ་ལྟར་གྲོང་ཚོ་ཁག་གི་ལས་བྱེད་པའི་གཟུགས་པོ་བརྟག་དཔྱད་བྱེད་པའི་ཐད་སྤྱོད་རྒྱུ་ཡིན་པ་རེད།

        སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྤྱི་ཚོགས་གནས་ཚུལ་གྱི་ཆ་འཕྲིན་དུས་ཐོག་ཏུ་རྟོགས་དགོས་པ་དང་དམངས་ལ་དགའ་ཞེན་དང་དམངས་ཀྱི་ཆེད་དུ་བྱེད་པར་དེ་བས་དམངས་ཀྱི་འདོད་འདུན་རྟོགས་པ་བྱེད་དགོས། འགོ་ཁྲིད་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད་ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་རིམ་པའི་ལས་བྱེད་པས་ཤང་དང་འབྲེལ་བ་བྱེད་པ་དང་། གྲོང་ཚོ་འགན་གཙང་ལེན་པ། དུད་ཚང་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་ལས་ཀའི་ཟུངས་ནུས་ལག་བསྟར་བྱས་པ་རེད། ཤང་དང་འབྲེལ་བ་བྱེད་པ་དང་། གྲོང་ཚོ་འགན་གཙང་ལེན་པ། དུད་ཚང་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་ལས་ཀའི་ཇུས་གཞིར་གཞིགས་ཏེ་རྫོང་དེ་ཡོངས་ཀྱི་རྫོང་རིམ་པའི་ལས་བྱེད་པ་24བལྟོས་བཅས་ཀྱི་དབུལ་ཕོངས་དང་རྗེས་ལུས་ཡིན་པའི་གྲོང་ཚོ་27ལ་བསྐྱོད་དེ་ཤང་དང་འབྲེལ་བ་བྱེད་པ་དང་། གྲོང་ཚོ་འགན་གཙང་ལེན་པ། དུད་ཚང་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་ལས་དོན་སྤེལ་ཡོད། ལོ་གསུམ་ནང་ཤང་དང་འབྲེལ་བ་བྱེད་པ་དང་། གྲོང་ཚོ་འགན་གཙང་ལེན་པ། དུད་ཚང་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཐད་མི་བརྗེས་ཀྱང་ས་ཚིགས་མི་བརྗེད་པ་དང་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་རེས་ཟླ་བ་རེར་ཉུང་མཐར་ཡང་ཉིན་2དང་3གྱི་དུས་ཚོད་སྤྱད་དེ་འབྲེལ་གཏུག་བྱེད་སའི་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ་དང་རང་འགུལ་ངང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་འདུན་འཚོལ་བསྡུ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་བསམ་འདུན་དང་རེ་བ་ཤེས་རྟོགས་ཐུབ་པ་བྱེད་པ་དང་ལྷག་དོན་དུ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ལ་དམིགས་ཏེ་ཁྲིད་སྟོན་སློབ་གསོའི་ལས་དོན་ཧུར་ཐག་བསྒྲུབས་ཡོད།

        དམངས་ཕན་གྱི་དགའ་སྤྲོའི་བསྟོད་གླུ་བླངས།

        གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམངས་འཚོ་ལེགས་སུ་ཧུར་ཐག་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བྱ་གཞག་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ད་ཕན་ལོ་ཤས་རིང་ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དམངས་འཚོའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྫོང་དེ་ཡོངས་སུ་མ་མཐའི་འཚོ་བ་འགན་ལེན་དང་། རྒན་གསོའི་འགན་ལེན། སྨན་བཅོས་འགན་ལེན (གྲོང་གསེབ་ཀྱི་སྨན་ཡོན་མི་དགོས་པའི་སྨན་བཅོས ) གྲོང་ཚོའི་ལས་བྱེད་པ་རྒན་གྲས (ཚབ་ཁྲིད་དགེ་རྒན )ཀྱི་རྒན་གསོའི་འགན་བཅོལ། དམིགས་བསལ་ལས་རིགས་ཀྱི་རྨས་སྐྱོན་འགན་བཅོལ་སོགས་ཀྱིས་ནང་དོན་གཙོ་བོ་བྱས་པའི “འགན་ལེན་བཅུ ”འཚོལ་ཞིབ་བྱས་ཏེ་བཙུགས་ཡོད།

        སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་དབུལ་ཕོངས་དང་ཉམས་ཞན་ཚོགས་སྤྱིས་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད་ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས “ཏང་ཡོན་བརྒྱ་ཡིས་དུད་ཚང་བརྒྱ་ལ་རོགས་སྐྱོར་བྱེད་པ་སྟེ་དམིགས་བསལ་དཀའ་ངལ་ཡོད་པའི་བདེ་སྡོད་ལས་གྲྭ ”འགོ་བཙུགས་པ་དང་བྱེད་སྒོ་སྤེལ་ནས་ལོ་ཕྱེད་ཙམ་མ་སོང་བར་རོགས་སྐྱོར་ཚན་པ་ཁག་གིས་མ་དངུལ་སྒོར་ཁྲི་400ལྷག་ཙམ་བརྩོན་ལེན་བྱས་ནས་རྫོང་དེ་ཡོངས་ཀྱི་དབུལ་པོའི་དུད་ཚང་120ཡི་མང་ཚོགས་ལ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པ་བསྐྲུན་པ་དང་འབྲེལ་ཁོང་ཚོར་ཐོན་སྐྱེད་འཕེལ་རྒྱས་དང་ཡོང་འབབ་འཕར་བ་བྱེད་རྒྱུའི་མཛུབ་ཁྲིད་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ལས་དོན་དེར་ལྷོ་ཁ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ་ས་ཁུལ་དེ་ཡོངས་སུ་ཁྱབ་གདལ་བཏང་བ་རེད།

        འཕེལ་རྒྱས་གཏོང་རྒྱུ་མི་དམངས་ལ་བརྟེན་དགོས་པ་དང་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་དགོས། ལོ་མང་རིང་ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་ལ་དམིགས་ཏེ་སྤྱི་ཚོགས་ཀྱི་འགན་ལེན་མངོན་གསལ་དོད་དུ་གཏོང་བ་དང་དམངས་འཚོ་འཛུགས་སྐྱོང་གི་འཕེལ་རིམ་མགྱོགས་སུ་བཏང་ནས་དམངས་འཚོ་འཛུགས་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན་གཉིས་ཀ་བྱེད་ཐུབ་པ་བྱུང་ཡོད།

        དེ་ལྟར་བྱ་བ་རེ་རེའི་ཐོག་ནས་ཐུགས་ཁུར་གང་ལེགས་མཚོན་པར་བྱས་པས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་གཞི་རིམ་ཏང་རྩ་འཛུགས་ཀྱི་གཟུགས་བཪྙན་བཟང་པོ་འཇགས་ནས་རྒྱ་ཆེའི་ལས་བྱེད་པ་དང་གྲོང་མིའི་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། ཤུགས་རྐྱེན་ཐེབས་ནུས། འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།