དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྙན་རོང་རྫོང་གིས་གྲོང་ཚོ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུ་ལེཌ་གྲུབ་བྱུང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་སྙན་རོང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་སྙན་རོང་རྫོང་གིས་གྲོང་ཚོ་རིམ་པའི་སྒྲིག་གཞིར་སླར་ཡང་ལེགས་སྒྲིག་ཐེངས་གཅིག་བྱས་པ་དང་ཐེངས་དང་པོ་ལེགས་སྒྲིག་བྱས་པའི་རྨང་གཞིའི་ཐོག་སླར་ཡང་གྲོང་ཚོ་ཨུ་ཡོན་ལྷན་ཁང་5 ཉུང་དུ་བཏང་བ་དང་གྲོང་ཚོ་རིམ་པའི་སྒྲིག་གཞིར་ལེགས་སྒྲིག་ཐེངས་གཉིས་བྱས་པ་བརྒྱུད་རྫོང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་155 ནས་139 བར་ལེགས་སྒྲིག་བྱས་ནས་བསྡོམས་སྲིད་འཛིན་གྲོང་ཚོ་16 ཉུང་དུ་བཏང་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཚོ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་ལས་ཀ་ཐེངས་གཉིས་པ་བདེ་བླག་ངང་ལེགས་སྒྲུབ་བྱ་ཆེད་སྙན་རོང་རྫོང་གིས་ཉེ་ཆར་རྫོང་རིམ་པའི་ལས་བྱེད་པ་མཉམ་ཞུགས་ཀྱི་ཚོགས་འདུ་སྐོང་ཚོགས་བྱས་ནས་གྲོང་ཚོ་རིམ་པའི་སྒྲིག་གཞིར་ལེགས་སྒྲིག་གི་ཇུས་གཞིར་ཞིབ་འཇུག་ནན་པོ་བྱས་པ་དང་སྦྲགས་མཐར་ལེགས་སྒྲིག་བྱེད་པའི་གྲོང་ཚོའི་ཁ་གྲངས་དང་དེ་བཞིན་ལེགས་སྒྲིག་བྱས་རྗེས་ཀྱི་གྲོང་ཚོའི་མིང་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།