དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གོང་དཀར་རྫོང་གིས“ལྔ་བསྡུར་ལྔ་བལྟ”བྱེད་པར་བརྟེན་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གོང་དཀར་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཤར་ཚུན་གོང་དཀར་རྫོང་གི་ཏང་ཡོན་ལས་བྱེད་པ་ཚོས “ལྔ་བསྡུར་ལྔ་བལྟ ”བྱེད་པར་བརྟེན་ནས་གཞི་རིམ་རྩ་འཛུགས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་རེད།

        དེ་ཡང་གཅིག་ནས་སློབ་སྦྱོང་གི་འགྲན་བསྡུར་བྱས་ཏེ་ཕྱོགས་བསྡུས་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་མིན་ལ་བལྟས་ཤིང་། བརྗོད་བྱ་གཙོ་བོའི་སློབ་གསོའི་སློབ་སྦྱོང་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པའི་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོས་གཙོ་བོར་བྱེད་པའི་སློབ་སྦྱོང་གི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་བ་བཅས་བྱས་ནས་ཏང་ཡོན་ལས་བྱེད་པའི་ལས་ཀའི་ནུས་པ་ཆེ་རུ་བཏང་བ་དང་།

        གཉིས་ནས་རྩོལ་ཤུགས་འགྲན་ནས་བསམ་པའི་ཉམས་འགྱུར་མངོན་གསལ་དོད་པོས་ལེགས་སུ་ཕྱིན་མིན་ལ་བལྟས་ཤིང་། ལྟེ་བའི་འདུ་ཤེས་ཟབ་ཏུ་བཏང་བ་དང་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་ནས་ལས་དོན་ཁག “ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ ”བཅས་ཀྱིས་ལྟེ་བར་བྱེད་པའི་ཐོག་ཡར་རྒྱས་མ་བྱུང་ན་རྗེས་ལུས་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་ནང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་ཕྱི་ཕྱོགས་ཀྱི་གཟུགས་བཪྙན་ལེགས་པར་བཏོད་དེ་རྒྱུན་ཆད་མེད་པར་སྔོན་ཐོན་བརྩོན་ལེན་དང་ཕུལ་བྱུང་བཏོད་པ།

        གསུམ་ནས་མཐུན་སྒྲིལ་བསྡུར་ཏེ་སྤྱི་ཡོངས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་མིན་ལ་བལྟས་ཤིང་། འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་དབར་དང་། གོང་རིམ་དང་འོག་རིམ་དབར། ཏང་ཡོན་ལས་བྱེད་པའི་དབར་བཅས་སྤེལ་རེས་མང་ཙམ་བྱས་ཏེ་ཚན་ཁག་གི་འཐབ་ནུས་ཆེ་རུ་བཏང་བ་དང་ཏན་ཡོན་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ།

        བཞི་ནས་སྤྱོད་གཙང་བསྡུར་ཏེ་ཚུལ་མིན་གྱི་སྤྱོད་ཚུལ་ནུས་ལྡན་ངང་བཀག་འགོག་བྱེད་ཐུབ་མིན་ལ་བལྟས་ཤིང་། ཏང་ཡོན་གྱི་སྤྱོད་གཙང་འཛུགས་སྐྱོང་གི་གཏན་འབེབ་ཁག་ལག་བསྟར་ནན་པོ་བྱས་ཏེ “བཟའ་ལེན་བཀག་སློང ”བཅས་བཀག་འགོག་ནན་པོ་བྱས་པ་དང་རྒྱས་སྤྲོས་ཆུད་ཟོས་བྱེད་རྒྱུ་བཀག་འགོག་ནན་པོ་བྱས་པ།

        ལྔ་ནས་ཞབས་ཞུ་བསྡུར་ཏེ་ལས་ཆོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་མིན་ལ་བལྟས་ཤིང་། ཞབས་ཞུའི་འདུ་ཤེས་བརྟན་པོར་བཙུགས་པ་དང “དང་ཐོག་སྒྲུབ་མཁན་གྱི་འགན་འཁྲིའི་ལམ་ལུགས ”དང “གཙོ་གཉེར་འགན་འཁྲིའི་ལམ་ལུགས ”སོགས་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ་དཔོན་ཉམས་རིང་ལུགས་ཁྱད་བསད་བྱས་པ་དང་ལས་ཀ་ཀ་རེ་ཀོ་རེ་དང་རང་འགན་གཞན་དཀྲི་བྱེད་རྒྱུ་བཀག་འགོག་ནན་པོ་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།