དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཟངས་རིའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལས་ཀརཕན་འབྲས་ཐོན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་ཟངས་རི་རྫོང་གིས་ཤང་གྲོང་ཏང་ཨུད་ཀྱི་རང་ངོས་འཛུགས་སྐྲུན་གཙོ་གནད་དུ་བྱེད་པའི “སྣེ་འདྲེན་ལས་གྲྭ ”དང་། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གཙོ་གནད་དུ་བྱེད་པའི “མཁར་རྫོང་ལས་གྲྭ ”དང་ཏང་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་གཙོ་གནད་དུ་བྱེད་པའི “ཕྲ་ཕུང་ལས་གྲྭ ”བཅས་ལག་ལེན་ཤུགས་ཆེན་བསྟར་ནས་རྫོང་དེ་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་ཁྱོན་ཡོངས་ཀྱི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་བཏང་བ་རེད།

        གཅིག་ནས་སྣེ་འདྲེན་ཡག་པོ་བྱས་ཏེ་ཤང་གྲོང་འགོ་ཁྲིད་ཚན་ཁག་ལེགས་གྲས་བཀོད་སྒྲིག་བྱས་ཤིང་། ཟངས་རི་རྫོང་གིས་སྤྱོད་ཡོན་གཉིས་ལྡན་གྱི་ཚད་གཞི་གཞིར་བཟུང་དཔལ་འབྱོར་གཉེར་མཁས་པ་དང་། དོ་དམ་བྱེད་ཤེས་པ། གྲུབ་འབྲས་མངོན་གསལ་དོད་པ། མང་ཚོགས་ཀུན་གྱིས་ཁས་ལེན་བྱེད་པ་བཅས་ཀྱི་ཕུལ་བྱུང་ཤེས་ལྡན་པ་ཤང་གྲོང་གི་འགོ་ཁྲིད་ཚན་ཁག་ནང་འདེམས་གཏོང་བྱས་པ་དང་2007 ལོར་ཟངས་རི་རྫོང་གི་ཤང་གྲོང་འགོ་ཁྲིད་ཚན་ཁག་སྐབས་བརྗེས་རྗེས་གསར་དུ་འདེམས་ཐོན་བྱུང་བའི་ཤང་གྲོང་ལས་བྱེད་པའི་ནང་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས་ལྡན་པ་ 4 ཡོད་པ་དེས་གསར་དུ་འདེམས་ཐོན་བྱུང་བའི་ལས་བྱེད་པའི་ 12.5% བཟུང་བ་དང་། ཆེད་ལས་ཚན་ཁག་གི་སློབ་རྒྱུས་ལྡན་པ་ 13 ཡོད་པ་དེས་ 40.6% བཟུང་བ་དང་།

        གཉིས་ནས “མཁར་རྫོང ”བརྟན་དུ་བཏང་སྟེ་གྲོང་ཚོ་རིམ་པའི་ཚན་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། དང་ཐོག “ཕུལ་བྱུང་གཞི་རིམ་ཚན་ཁག ”གཏོད་པའི་བྱེད་སྒོ་སྤེལ་ནས་གཞི་རིམ་ཚན་ཁག་གི་སྲིད་འཛིན་ནུས་པ་ཆེ་རུ་བཏང་བ་དང་། གཞན་ཡང “ཨུ་ལྷན་གཉིས ”ཀྱི་དབང་ཆ་དང་། འགན་འཁྲི། འོས་འགན་བཅས་སྔར་བས་ཞིབ་འགོད་བྱས་པ་དང་། གྲོང་ཚོའི་ཏང་ཀྲི་པུས་ལས་ཀའི་འགན་འཁྲི་ལྟར་འགན་དབང་སྤྱད་པ། གྲོང་ཚོ་ཨུ་ལྷན་གྱིས་ཏང་ཀྲི་པུའི་འགོ་ཁྲིད་རང་རྟོགས་ངང་དང་ལེན་བྱས་པ།

        གསུམ་ནས་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་དང་ཏང་ཡོན་དཔུང་ཁག་གི་བྱང་ཚད་མཐོ་རུ་བཏང་ཞིང་། དང་ཐོག་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་ལེགས་སུ་བཏང་ཡོད། ཟངས་རི་རྫོང་གིས་ཐོན་སྐྱེད་དང་ལས་དོན་གྱི་འཐབ་ཕྱོགས་དང་པོའི་གཞོན་སྐྱེས་དང་། དམག་ཁོངས་ནས་ཕྱིར་ལོག་བྱེད་མཁན་དམག་མི། ལས་མི། གྲོང་གསེབ་ཀྱི་བུད་མེད། ཚན་རྩལ་ལ་བརྟེན་ནས་ཕྱུག་འགྱུར་བྱེད་མཁན་འཇོན་ཐང་ཅན་སོགས་ཀྱི་ཁྲོད་ཏང་ཡོན་འཕེལ་རྒྱས་བཏང་ནས་དཔུང་ཁག་གི་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། དེ་རྗེས་ཏང་ཡོན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2007 ལོ་ནས་ 2008ལོ་བར་ཁྱོན་གསོ་སྦྱོང་འཛིན་གྲྭ་ཐེངས་20 གཉེར་ནས་གཞི་རིམ་གྱི་ལས་བྱེད་པ་དང་གྲོང་གསེབ་ཀྱི་ཏང་ཡོན་ 600 ལྷག་ཙམ་གསོ་སྦྱོང་བྱས་པ།

        བཞི་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་ཡུལ་སྐྲུན་ཞིང་། རྫོང་དང་ཤང་དུ་ཡར་རྒྱས་བརྩོན་ལེན་དང་ལེགས་གྲས་གཏོད་པའི་བྱེད་སྒོ་སྤེལ་བ་དང་གྲོང་ཚོ་རིམ་པར “གསོ་སྦྱོང་གཉིས་དང་སྣེ་ཁྲིད་གཉིས ”ཀྱི་གདོང་ལེན་འདུ་འགོད་དང་གོ་གནས་མེད་པའི་ཏང་ཡོན་གྱི་ལས་གནས་དང་འགན་འཁྲི་གསལ་བཟོ་དང་ཞབས་ཞུ་ཁས་ལེན་གྱི་བྱེད་སྒོ་ཡོངས་ཁྱབ་ངང་སྤེལ་ཡོད། ལོ་གཉིས་རིང་ཁྱོན “གསོ་སྦྱོང་གཉིས་དང་སྣེ་ཁྲིད་གཉིས ”ཀྱི་དཔེ་དམག་ 40 ལ་ཉེ་བ་ཐོན་པ་དང་གོ་གནས་མེད་པའི་ཏང་ཡོན་ 600 ཙམ་བྱས་རྗེས་ཡོད་ལ་གོ་གནས་ཀྱང་ཡོད་པར་གྱུར་བ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།