དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོཌ་ཀྱིས་ཕུལ་བྱུང་ཏང་ཡོན་དང་ཏང་དོན་ལས་དོན་པར་གཟེངས་བསྟོད་བྱས་པ།

  •     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་བུད་མེད་ལྷན་ཚོགས་ཀྱིས་ལོ་གཅིག་ནང་བུད་མེད་ལྷན་ཚོགས་ཀྱི་ལས་དོན་ཁག་ནང་མཚོན་ཚུལ་གཟེངས་སུ་ཐོན་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་དོན་པར་གཟེངས་བསྟོད་བྱས་ནས་རྒྱ་ཆེའི་བུད་མེད་ལྷན་ཚོགས་ཀྱི་ལས་དོན་པས་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་སྐུལ་མ་བཏང་བ་རེད།

        ལོ་གཅིག་ནང་ལྗོངས་ཏང་ཨུད་དང་ལྗོངས་བུད་མེད་ལྷན་ཚོགས་ཏང་ཙུའུ་ཡི་ཡང་དག་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ཏང་དོན་ལས་དོན་པས་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་ལྗོངས་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བཅས་ཀྱི་ལག་ལེན་ནང་ཞུགས་ཏེ་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད། “3·14”དོན་རྐྱེན་ནང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གྱི་སྒོ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། “5·12”དབུན་ཁྲོན་དུ་ས་ཡོམ་ཆེན་པོ་བརྒྱབ་རྗེས་ཞལ་འདེབས་ཧུར་ཐག་བརྒྱབ་ནས་དུས་སྐབས་གསར་པའི་ཏང་ཡོན་གྱི་དཔེ་བཟང་སྣེ་ཁྲིད་ནུས་པ་བཏོན་ཡོད།

        རྒྱ་ཆེའི་ཏང་ཡོན་ཚོར “ཤུགས་སྣོན་གཅིག་དང་སྐུལ་འདེད་གཉིས ”ཀྱི་ལོ་རྒྱུས་ལས་འགན་མངོན་འགྱུར་ཡོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ནང་འབད་འབུངས་ཡར་བརྩོན་དང “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད ”བཅས་བྱེད་ཐུབ་པ་བྱ་རྒྱུར་སྐུལ་མ་གཏོང་ཆེད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱིས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་དོན་པ་ཁག་གཅིག་ལ་གཟེངས་བསྟོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།