བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ལྷོ་བྲག་རྫོང་གིས “འགོ་ཁྲིད་ཚན་པ་སྟོབས་ཆེར་བཏང་སྟེ་རྨང་གཞི་བརྟན་དུ་གཏོང་བ་དང་། བརྟན་ལྷིང་དམ་འཛིན་བྱས་ནས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། བྱ་བ་དངོས་བསྒྲུབས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ ”བཅས་ཀྱི་གཙོ་གནད་ལ་དམ་པོ་དམིགས་ཏེ་བྱ་ཐབས་ལྔ་སྤྱད་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ཁག་དོན་འཁྱོལ་བྱས་པས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།
ཁག་བགོས་རིགས་དབྱེ་བྱས་ཏེ་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་གྱི་དམིགས་སའི་རང་བཞིན་སྔར་བས་ཆེ་རུ་གཏོང་བ། ལྷོ་བྲག་རྫོང་གིས་འཚོ་བའི་ཆུ་ཚད་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་ཚུལ། བདེ་འཇགས་གནས་ཚུལ་བཅས་ཚད་གཞིར་བྱས་ཏེ་རྫོང་དེ་ཡོངས་ཀྱི་གྲོང་ཚོའི་ཏང་ཀྲི་པུའུ་26ཁག་དབྱེ་བ་དང “རིམ་གསུམ་མཉམ་གཏོད ”ཀྱི་བྱེད་སྒོ་དང “ལེགས་པ་ལྔའི ”ཚད་གཞི་གཞིར་བཟུང་གཞི་རིམ་ཏང་རྩ་འཛུགས་ཁག་དབྱེ་ཡོད། རིགས་དབྱེ་ཞིབ་ཕྲ་བྱས་པ་བརྒྱུད་རྫོང་དེ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ད་ལྟའི་གནས་ཚུལ་མཐིལ་རྟོགས་བྱུང་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད་བློས་འགེལ་ཆོག་པའི་དཔྱད་གཞི་མཁོ་འདོན་བྱེད་ཐུབ་ཡོད། ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ལས་ཀའི་མཉམ་ཤུགས་སྔར་བས་ཆེ་རུ་གཏོང་བ། ལྷོ་བྲག་རྫོང་གིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ཏང་འཛུགས་ལས་དོན་གྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་། ཏང་འཛུགས་ལས་ཀའི་འབྲེལ་གཏུག་བྱ་ཡུལ་ལམ་ལུགས། ཏང་འཛུགས་ལས་དོན་གྱི་དཔྱད་དཔོག་ལམ་ལུགས་བཅས་འཛུགས་པ་དང་འཐུས་ཚང་དུ་བཏང་ཡོད། ཐོན་ཁུངས་སྔར་བས་བསྡུ་སྒྲིག་བྱས་ནས་རྫོང་ཨུད་ཀྱིས་སྤྱི་འགན་འཁུར་བ་དང་རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་འགན་གཙང་ལེན་པ་འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་བྱས་ཏེ་དམ་འཛིན་བྱེད་པ། ཤང་གྲོང་ཏང་ཨུད་དང་། གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
འགན་འཁྲི་དོན་འཁྱོལ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ། ལྷོ་བྲག་རྫོང་གིས “ཏང་སྲིད་སྡེ་ཚན་གྱིས་གྲོང་ཚོ་སྐྱོ་བ་འགན་གཙང་ལེན་པ་དང་། སྲིད་ཁྲིམས་སྡེ་ཚན་གྱིས་གྲོང་ཚོ་ཞན་པ་འགན་གཙང་ལེན་པ། དཔལ་འབྱོར་སྡེ་ཚན་གྱིས་གྲོང་ཚོ་དབུལ་པོ་འགན་གཙང་ལེན་པ ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོས་ནས་རྫོང་དེ་ཡོངས་ཀྱི་ཤང་གྲོང་7གྱི་གྲོང་ཚོའི་ཏང་ཀྲི་པུའུ་26དེ་རྫོང་རིམ་པའི་ལས་བྱེད་པ་དང་རྫོང་ཐད་གཏོགས་སྡེ་ཚན་དང་འབྲེལ་མཐུད་བྱས་པ་དང་དུས་མཚུངས་གྲོང་གསེབ་ཀྱི་ཏང་འཛུགས་ལས་དོན་དོན་འཁྱོལ་བྱེད་ཚུལ་ཏང་ཡོན་ལས་བྱེད་པའི་དཔྱད་ཞིབ་ནང་དོན་དུ་བཅུག་པས་ཏང་ཡོན་ལས་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་བསམ་པ་ཆེ་རུ་ཕྱིན་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་ཕྱིན་ཡོད།
གཞི་རིམ་དམ་འཛིན་དང་རྨང་གཞི་བརྟན་པོ་བཏིང་ནས་གཞི་རིམ་ཏང་འཛུགས་ཀྱི་རྩ་འཛུགས་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། ལྷོ་བྲག་རྫོང་གིས་མིག་སྔར་སྤེལ་བའི “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི ”བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གོ་སྐབས་སུ་བརྩིས་ཏེ “ཞིང་འབྲོག་ཁུལ་གྱི་གཞོན་ནུ་ཞིང་འབྲོག་ཁུལ་གྱི་འཇོན་ཐང་ཅན་དུ་འགྱུར་རྒྱུ་གསོ་སྐྱོང་དང་ཞིང་འབྲོག་ཁུལ་གྱི་འཇོན་ཐང་ཅན་ཏང་ཡོན་དུ་འགྱུར་རྒྱུ་གསོ་སྐྱོང་བྱེད་པ། ཏང་ཡོན་གྱིས་སྡེ་ཚོགས་ཀྱི་ཚོགས་མི་དང་འབྲེལ་བ་བྱེད་པ་དང་། སྡེ་ཚོགས་ཀྱི་ཚོགས་མིས་གཞོན་ནུ་དང་འབྲེལ་བ་བྱེད་པ། ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་པ ”བཅས་ནང་དོན་དུ་བྱེད་པའི “གསོ་སྦྱོང་གཉིས་དང་། འབྲེལ་བ་གཉིས། སྣེ་ཁྲིད་གཉིས ”བཅས་ཀྱི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་བ་རེད།