དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཏང་འཛུགས་སྐྱོང་ལ་བརྟེན་ནས་རང་ངོས་འཛུགས་སྐྱོང་གི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚཌ་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ལམ་ལོ་ཤས་རིང་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་སྲིད་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ལས་ཁུངས་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ། རྩ་འཛུགས་འཛུགས་སྐྱོང་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་སྟེ “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་སྐུལ་འདེད ”བཅས་དང་དེ་བཞིན་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད།

        ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱེད་པ་དང་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་དོན་ལ་གཞིགས་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་སྐོང་ཚོགས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་ཁུངས་ནང་ལྷག་པའི་ཐུན་མོང་རང་བཞིན་གྱི་གནད་དོན་ལ་བཅོས་སྒྲིག་གི་བྱེད་ཐབས་ཞིབ་ཕྲ་བཏོན་པ་དང་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོར་ལན་དང་འགྲེལ་བཤད་བརྒྱབ་པ་དང་ཆབས་ཅིག་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ནན་ཏན་ངང་སྤེལ་ཡོད། ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་ཏང་ཀྲི་པུའུ་ཁག་གིས་སློབ་སྦྱོང་གི་འཆར་གཞི་བཟོས་ནས་སློབ་སྦྱོང་གི་འཕེལ་རིམ་ལ་བཀོད་སྒྲིག་བྱས་ཡོད།

        བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་ད་དུང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་ནན་ཏན་ངང་སྤེལ་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ནན་ཏན་ངང་དོན་འཁྱོལ་བྱས་པས་ལས་ཁུངས་ཀྱི་རྫོང་རིམ་པ་ཡན་གྱི་ལས་བྱེད་པའི་སྲིད་གཙང་ཡིག་ཚགས་ལས་དོན་དུས་ཐོག་ཏུ་ལེགས་གྲུབ་བྱུང་ཡོད། ལོ་མཇུག་གི་དཔྱད་ཞིབ་སྐབས་ལས་འགན་སྒྲུབ་ཚུལ་དང་སྲིད་གཙང་སྐོར་གསལ་ཞུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་ལོ་འཁོར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དཔྱད་ཞིབ་ལ་ཕྱོགས་སྡོམ་དང་ཐོ་འགོད་རེའུ་མིག་འགོད་པ་དང་གོང་ཞུ་བྱེད་པ་དང་། སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཕུགས་ཕན་ཟུངས་ནུས་འཛུགས་པ་དང 《བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་སྒྲིག་སྲོལ་ལམ་ལུགས 》སོགས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ། ལས་བྱེད་པ་དང་ལས་བཟོ་ཡོངས་རང་ལྗོངས་ཀྱི་ཉེན་བརྡའི་སློབ་གསོའི་དཔེ་སྟོན་རྟེན་གཞིར་ལྟ་སྐོར་དུ་བསྐྱོད་རྒྱུ་བཀོད་སྒྲིག་བྱས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས “གཞི་རིམ་དུ་སྐྱོད་པ་དང་། བྱ་བ་དངོས་སྒྲུབ་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟན་ལྷིང་འགན་ལེན་བྱེད་པ ”བཅས་ཀྱི་བརྗོད་བྱ་གཙོ་བོའི་ལག་ལེན་དངོས་ཀྱི་བྱེད་སྒོ་སྤེལ་ནས་ཞིང་འབྲོག་ཁུལ་གྱི་བུད་མེད་དང་བྱིས་པར་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་བ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།