བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་སྣེ་གདོང་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་ནང་སྣེ་གདོང་རྫོང་གིས་སྒྲིག་བཤེར་ལས་དོན་ལ་དམ་འཛིན་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལས་ཀར་མུ་མཐུད་སྐུལ་འདེད་བཏང་བས་རྫོང་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན་ལོ་རེའི་ལོ་འགོར་རྫོང་འདིའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྫོང་དེ་ཡོངས་ཀྱི་“སྲིད་དོན་དང་། གྲོང་དོན། སློབ་གྲྭའི་ལས་དོན ”བཅས་ཡོངས་བསྒྲགས་བྱེད་པའི་ལས་ཀ་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཤིང་རྫོང་དེ་ཡོངས་ཀྱི་ཤང་5དང་། གྲོང་རྡལ་2 རྫོང་ཐད་གཏོགས་ལས་ཁུངས་34 རྫོང་སློབ་འབྲིང་དང་ཆ་ཚང་སློབ་ཆུང་9བཅས་ཚང་མར་སྲིད་དོན་དང་སློབ་གྲྭའི་ལས་དོན་ཡོངས་བསྒྲགས་བྱས་པ་དང་། རྫོང་དེ་ཡོངས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་18ལ་གྲོང་དོན་ཡོངས་བསྒྲགས་བྱས་པ། རྫོང་དེ་ཡོངས་ཀྱི་འཕྲོད་བསྟེན་ཁང་4དང་མཉམ་ལས་སྨན་བཅོས་ཁང་1ལ་སྨན་བཅོས་ལམ་ལུགས་ཡོངས་བསྒྲགས་བཅས་བྱས་པ་རེད།