དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གཞི་རིམ་ཏང་རྩ་འཛུཌ་ཀྱི་ཐེབས་རྩ་བཙུགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་ཐད “འཛུགས་སྐྱོང་བྱེད་པའི་དངུལ་མེད་པ ”ཡི་དོན་དངོས་གནས་ཚུལ་གཞིར་བཟུང་འདམ་གཞུང་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཐེབས་རྩ་བཙུགས་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་པ་རེད།

        གཞི་རིམ་ཏང་རྩ་འཛུགས་ཀྱི་ཐེབས་རྩའི་ཐད་བོད་སྐྱོར་མ་དངུལ་ཁྲོད་ནས་ཐེངས་གཅིག་ལ་སྒོར་ཁྲི་ 20 དང་རྫོང་ནོར་སྲིད་ཀྱིས་ཐེངས་གཅིག་ལ་སྒོར་ཁྲི་10 གཏོང་བའི་བྱེད་ཐབས་སྤྱད་དེ་ཁྱོན་མ་དངུལ་སྒོར་ཁྲི་30 གྲབས་གསོག་བྱས་ཤིང་། ཐེབས་རྩ་དེ་གཙོ་བོ “རིམ་གསུམ་མཉམ་གཏོད ”དང “གཉིས་སྐྱོང་གཉིས་ཁྲིད ”ཀྱི་བྱེད་སྒོར་རྒྱབ་སྐྱོར་བྱེད་པ་དང་ཞིང་འབྲོག་ཏང་ཡོན་གསོ་སྦྱོང་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་ཕུལ་བྱུང་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་དོན་པར་གཟེངས་བསྟོད་བྱེད་པ་སོགས་ཐད་སྤྱོད་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གཞི་རིམ་ཏང་རྩ་འཛུགས་ཀྱི་ཐེབས་རྩ་དེ་བས་ལེགས་པའི་སྒོ་ནས་བེད་སྤྱོད་དང་དོ་དམ་བྱ་ཆེད་འདམ་གཞུང་རྫོང་གིས་ད་དུང་ཆེད་དོན་ནོར་དོན་དང་། རྩིས་བཤེར། བསྡོམས་རྩིས་བཅས་ཀྱི་ལམ་ལུགས་བཟོས་པ་དང་ཆེད་དོན་རྩིས་ཁྲ་བཟོས་ཏེ་རྫོང་སྒྲིག་ཨུད་སོགས་འབྲེལ་ཡོད་སྡེ་ཚན་གྱིས་མ་དངུལ་གཏོང་སྤྲོད་དང་བེད་སྤྱོད་བྱ་ཚུལ་ལ་ཁྱོན་ཡོངས་ནས་ལྟ་སྐུལ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།