དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གཞིས་རྩེ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གཞིས་རྩེ་ནས་གནས་ཚུལ་འབྱོར་གསལ། གཞིས་རྩེ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་གསོའི་བྱེད་སྒོའི་ལས་ཆོད་ཆེ་རུ་གཏོང་བ་དང་སྟབས་བསྟུན་སྣ་མང་གི་སློབ་སྦྱོང་བྱེད་སྒོར་བརྟེན་ནས “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་གཏོང ”བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

        བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་གཞིས་རྩེ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས “ཏཱ་ལར་ཐེར་འདོན་དགག་རྒྱག་བྱེད་པའི་ཆེད་རྩོམ ”འབྲི་བ་དང་ཏཱ་ལར་ཐེར་འདོན་དགག་རྒྱག་བྱེད་པའི་རྩོམ་ཡིག་སྤེལ་བའི་ཐོག་ནས་དུས་དེབ་དང་དྲིལ་བསྒྲགས་ཡིག་སྒྲོམ་སོགས་ཀྱི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་དུས་མཚུངས་སུ་སློབ་སྦྱོང་གི་ཆེད་སྒྲོམ་བཏོད་དེ་ལས་བྱེད་པ་དང་ཉེན་རྟོག་པའི་སློབ་སྦྱོང་གི་མྱོང་ཚོར་དང་རིགས་པའི་གཞུང་ལུགས་ཀྱི་ཕུལ་བྱུང་བརྩམས་ཆོས་སོགས་སྦྱར་བའི་ཐོག་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོར་ངོས་འཛིན་ཐུབ་ཚད་མཐོ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།