དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ལྷ་རི་རྫོང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་རི་ནས་གློག་འཕྲིན་འབྱོར་གསལ། ལྷ་རི་རྫོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་དགོན་པའི་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་སློབ་སྦྱོང་འཆར་གཞི་བཟོ་བ་དང་སློབ་སྦྱོང་བྱེད་ཐབས་གསར་གཏོད་བྱས་པ་བརྒྱུད་དགོན་སྡེར་བྱ་བ་དངོས་བསྒྲུབས་པ་དང་ནན་ཏན་གྱིས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

        དགོན་པར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ནུས་ལྡན་ངང་སྒྲོག་འགྲེལ་སློབ་སྦྱོང་གི་བྱེད་སྒོ་སྤེལ་ཞིང་། དེའང་གཅིག་ནས་རང་འགུལ་སློབ་གསོ་དང་རྒྱུན་ལྡན་སློབ་གསོ་ཟུང་འབྲེལ་བྱེད་པ་དང་གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་བྱེད་པའི་ཐབས་ཤེས་སྤྱད་པ་དང་། གཉིས་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་མྱོང་ཚོར་འབྲི་བ་དང་འབྲེལ་ངག་ཐོག་དང་ཡིག་ཐོག་གི་རྒྱུགས་ལེན་ཟུང་འབྲེལ་བྱེད་པའི་ཐབས་ཤེས་སྤྱད་པ་བརྒྱུད་སློབ་སྦྱོང་གི་འབྲས་བུར་ཞིབ་བཤེར་བྱེད་པ། གསུམ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོ་དང་དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་ཟུང་འབྲེལ་བྱས་ནས་ཕན་ཚུན་སློབ་སྦྱོང་གི་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གི་འབྲས་བུར་ཞིབ་བཤེར་བྱེད་པ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།