དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • སྨར་ཁམས་རྫོང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པར་འཚམས་འདྲི་དང་རྟོག་ཞིབ་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་སྨར་ཁམས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་སྨར་ཁམས་རྫོང་ཨུད་རྩ་འཛུགས་པུས་ལས་བྱེད་པར་འཚམས་འདྲི་དང་རྟོག་ཞིབ་བྱེད་པའི་ཚོགས་ཆུང་ཆེད་མངགས་བཙུགས་ནས་ན་ནིང་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པའི་ཚན་པ་ 26 དང་ཤང་གྲོང་ 11 ལ་དུས་ཡུན་ཉིན་ 20 ཡི་རིང་འཚམས་འདྲི་དང་རྟོག་ཞིབ་བྱེད་པའི་ལས་དོན་སྤེལ་བ་རེད།

        འཚམས་འདྲི་དང་རྟོག་ཞིབ་བྱེད་རིང་ལས་དོན་ཚོགས་ཆུང་གིས་རྟོག་ཞིབ་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་ཡིག་ཆ་ལྟ་ཞིབ་བྱེད་པ་དང་། དམངས་གཙོའི་དཔྱད་དཔོག་བྱེད་པ། མི་སྒེར་དང་གླེང་མོལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་ཚན་ཁག་དང་དེའི་ཁོངས་མིའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་། འགོ་ཁྲིད་ཀྱི་འཇོན་ཐང་། ལས་ཀའི་གྲུབ་འབྲས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་པའི་ཁར་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པའི་ལས་ཀའི་མཚོན་ཚུལ་དང་། ལས་གནས་འཚམས་མིན། བསམ་པའི་གནས་ཚུལ་དང་དེ་བཞིན་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོའི་ཁས་ལེན་ཐོབ་ཚད་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཤེས་རྟོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།