དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • འདམ་གཞུང་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན་འདམ་གཞུང་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཐད་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་གཞི་རིམ་ཏང་དོན་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱེད་སྟངས་ལ་བརྟེན་ནས་མང་པོ་བློ་བསྡུས་ཀྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་ཀྱི་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན་རྫོང་དེས “གཙོ་བོ་གཅིག ”དང་“གཞི་རྩ་བཞི ”ལ་དམ་པོར་དམིགས་ཏེ་གཙོ་གནད་ཐོག་གཤམ་གསལ་གྱི་ཕྱོགས་ཁག་ཐད་ཀྱི་ལས་དོན་ལ་དམ་འཛིན་བྱ་རྒྱུ་སྟེ། གཅིག་ནས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཡི་དཔེ་བཟང་སྣེ་ཁྲིད་ནུས་པ་འདོན་སྤེལ་གྱིས་རིམ་པ་གཅིག་གིས་རིམ་གཅིག་ལ་དམ་འཛིན་དང་རིམ་པ་གཅིག་གིས་རིམ་པ་གཅིག་སྣེ་ཁྲིད་པས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། གཉིས་ནས་ཚན་ཁག་ཡག་པོ་ཞིག་འདེམས་པ་དང་། ཏང་ཀྲི་པུའུ་ཞིག་ཡག་པོ་འཛུགས་པ། གྲོང་ཚོའི་ལས་བྱེད་པ་ཁག་གཅིག་གསོ་སྦྱོང་བྱེད་པ་བཅས་བྱས་ནས་སྤེལ་ཉེར་ཡོད་པའི “ཨུ་ཡོན་ལྷན་ཁང་གཉིས ”ཀྱི་སྐབས་བརྗེའི་ལས་དོན་དང་ཟུང་འབྲེལ་གྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ལས་སྒོའི་འཇོན་ཐང་ཆེ་བ། མང་ཚོགས་སྣེ་ཁྲིད་ཀྱིས་ཕྱུག་འགྱུར་བྱེད་པའི་གྲུབ་འབྲས་མངོན་གསལ་དོད་པ། མང་ཚོགས་ཁྲོད་སྙན་གྲགས་ངེས་ཅན་ལྡན་པ་བཅས་ཀྱི་ཕུལ་བྱུང་ཏང་ཡོན་གཞི་རིམ་འགོ་ཁྲིད་ཚན་ཁག་ནང་བདམས་པ། གསུམ་ནས་ཏང་ཡོན་ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་ཧྲིལ་པོ་མཐོ་རུ་གཏོང་བ་དང་། དྲིལ་བསྒྲགས་བྱེད་སྟངས་དང་སློབ་གསོ་གཏོང་སྟངས་ལེགས་སུ་གཏོང་བ། རོལ་རྩེད་ནང་སློབ་གསོ་ཁྱབ་པ་བྱེད་པ་བཅས་བྱས་ནས་ཏང་ཡོན་ལས་བྱེད་པའི་ལས་དོན་དང་། བསམ་བློ། རིག་གནས་བྱང་ཚད་བཅས་ཀྱི་ཁྱད་ཆོས་མི་འདྲ་བ་དང་ཟུང་འབྲེལ་གྱིས་དམིགས་སའི་རང་བཞིན་ལྡན་པའི་གསོ་སྦྱོང་བྱེད་སྒོ་སྤེལ་བ། བཞི་ནས་ཕུགས་ཕན་ཟུངས་ནུས་ཁག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཁོངས་གཏོགས་ནང་གི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་ཡོན་ལ་དོ་དམ་དང་སྒྲིག་འཛུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་གཏན་རང་བཞིན་ངང་ཏང་ཡོན་གྱི་རྩ་འཛུགས་འཚོ་བའི་བྱེད་སྒོ་སྤེལ་ནས་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཆེ་རུ་གཏོང་བ། ལྔ་ནས་ཏང་གིས་མཐའ་དག་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་ཕྱོགས་སྒྲིག་བྱས་ཐོག་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་ཡོང་རྒྱུ་མངོན་འགྱུར་ཡོང་བ་བྱེད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།