དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • རྣམ་གླིང་རྫོང་གིས་གཞི་རིམ་གྱི་ཚན་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྣམ་གླིང་ནས་གློག་འཕྲིན་འབྱོར་གསལ། རྣམ་གླིང་རྫོང་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དེའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད་རྣམ་གླིང་རྫོང་གིས “བཅོས་སྒྲིག་བཞི་དང་གཙང་སེལ་གཅིག ”ལས་ཀའི་གཙོ་གནད་དུ་བྱས་ཏེ་རྫོང་ཡོངས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཐོག་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁོངས་མིའི་ལས་སྒོའི་བྱང་ཚད་མཐོ་རུ་གཏོང་བ་དང་ལས་སྒོའི་ནུས་པ་ཆེ་རུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་རྒྱུ་རྐྱེན་འཚོལ་ཞིབ་བྱས་ཏེ་རྗེས་ལུས་ཀྱི་གྲོང་ཚོའི་ཚན་ཁག་20བཅོས་སྒྲིག་བྱས་པར་ཕན་འབྲས་ལེགས་ཙམ་ཐོབ་ཡོད་པ་རེད།

        འགོ་ཁྲིད་ཚན་ཁག་བཅོས་སྒྲིག་བྱས་ནས་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་བཏང་ཞིང་། རྣམ་གླིང་རྫོང་གིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འདེམས་བསྐོ་ཡག་པོ་བྱ་རྒྱུ་དེ་འགོ་བརྩམས་སར་བྱས་ཏེ་མི་འདེམས་པའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་སྣང་ཆེན་བྱས་ཐོག་དཔལ་འབྱོར་འཇོན་ཐང་ཅན་དང་། དམག་ཞབས་ཐིམ་པའི་དམག་མི། ཕ་ཡུལ་དུ་ལོག་པའི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་མ་བཅས་ཀྱི་ཁྲོད་ནས་ཆབ་སྲིད་ཀྱི་བྱང་ཚད་ལེགས་པ་དང་། ཕྱུག་འགྱུར་གྱི་འཇོན་ཐང་ཆེ་བ། མང་ཚོགས་ཁྲོད་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་བཅས་འགོ་ཁྲིད་ཚན་ཁག་ནང་འདེམས་རྒྱུ་མཐའ་འཁྱོངས་བྱས་པས་གྲོང་ཚོའི་ཏང་ཀྲི་པུའི་ཚན་ཁག་གི་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་ཐུབ་པ་བྱུང་བ་དང་།

        ལས་བྱེད་པའི་སྤྱོད་ཚུལ་བཅོས་སྒྲིག་བྱས་ནས་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ཞིང་། གྲོང་ཚོའི་ཏང་ཀྲི་པུའི་ལས་བྱེད་པ་ཉུང་ཤས་ཁྲོད་ལྷག་པའི་འགན་འཁྲིའི་བསམ་པ་ཞན་པ་དང་། སྤྱོད་ཚུལ་ཐད་དམངས་གཙོ་མེད་པ། བྱ་བ་སྒྲུབ་སྐབས་དྲང་བཞག་མེད་པ། སྲིད་སྐྱོང་སྐབས་གཞུང་དྲང་མེད་པ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱས་པས་གྲོང་ཚོའི་ལས་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་། མང་ཚོགས་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། ཞབས་ཞུའི་འདུ་ཤེས། སྲིད་གཙང་འདུ་ཤེས་བཅས་སྔར་བས་ཆེ་རུ་ཕྱིན་པ།

        ཏང་ཡོན་དཔུང་ཁག་བཅོས་སྒྲིག་བྱས་ནས་དཔེ་བཟང་གི་མིག་དཔེ་འདོན་སྤེལ་བྱས་ཤིང་། གཞི་རིམ་ཏང་ཡོན་གྱི་ཏང་གཤིས་སློབ་གསོ་དང་དམིགས་ཡུལ་འདུ་ཤེས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ནས “གསོ་སྦྱོང་གཉིས་དང་སྣེ་ཁྲིད་གཉིས ”ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། གཞོན་ནུ་ཏང་ཡོན་འཕེལ་རྒྱས་ཧུར་ཐག་གཏོང་བ། རྗེས་གྲབས་སྟོབས་ཤུགས་གསོ་སྦྱོང་ཤུགས་ཆེན་བྱེད་པ། ཏང་ཡོན་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་དང་ནུས་པའི་གྲུབ་ཆ་རྒྱུན་ཆད་མེད་པར་བཟང་སྒྲིག་བྱེད་པ་བཅས་བྱས་ནས་ཏང་ཡོན་སྣེ་ཁྲིད་དེ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་འཇོན་ཐང་སྔར་བས་ཆེ་རུ་སོང་བ་དང་། སྣེ་ཁྲིད་ཕྱུག་འགྱུར་དང་མང་ཚོགས་སྣེ་ཁྲིད་ཀྱི་ཕྱུག་འགྱུར་འཇོན་ཐང་སྔར་བས་ཆེ་རུ་འགྲོ་ཐུབ་པ་བཅས་བྱུང་ཡོད།

        གྲོང་ཚོའི་སྒྲིག་ལམ་བཅོས་སྒྲིག་དང་གྲོང་ཚོ་དང་དམངས་ཀྱི་སྤྱོད་ཚུལ་ལེགས་སུ་བཏང་ཞིང་། རྣམ་གླིང་རྫོང་གིས་གྲོང་གསེབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་གཏོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནས་འགོ་བཙུགས་ཏེ་གྲོང་ཚོའི་ཚན་ཁག་ལས་དོན་ནང་གི་ཚུལ་མིན་བྱེད་སྤྱོད་ཁ་ཤས་བཅོས་སྒྲིག་དང་ཐེ་ཇུས་བྱས་ཏེ་ཤེས་དཔལ་ལྡན་པའི་གྲོང་ཚོ་དང་ཤེས་དཔལ་ལྡན་པའི་དུད་ཚང་གི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་སྐྱོན་བྲལ་ཡར་ཐོན་གྱི་ཤེས་དཔལ་ལྡན་པའི་དར་སྲོལ་གསར་པ་སྲོལ་གཏོད་བྱས་ནས་ཕུགས་བསམ་ཡོད་པ་དང་། ཀུན་སྤྱོད་ལྡན་པ། རིག་གནས་ཡོད་པ། སྒྲིག་ཁྲིམས་ཡོད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་འབྲོག་མང་ཚོགས་གསར་པ་གསོ་སྦྱོང་ཧུར་ཐག་བྱས་ཡོད།

        འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་དང་མང་ཚོགས་ཀྱི་འཚོ་བ་ལེགས་སུ་བཏང་ཞིང་། བཅོས་སྒྲིག་བྱེད་རིང་རྣམ་གླིང་རྫོང་གིས་གྲོང་ཚོ་རིམ་པའི་རྩ་འཛུགས་ལ་རོགས་རམ་ཧུར་ཐག་བྱས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ལས་དོན་གྱི་གཙོ་གནད་དུ་བྱས་ནས་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཚན་ཁག་གིས་བསམ་བློར་བཅིངས་འགྲོལ་དང་མིག་རྒྱང་རིང་དུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ་དང་། གྲོང་ཚོ་དེ་རང་གི་དོན་དངོས་ལ་གཞི་ཚུགས་པ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ཁ་ཕྱོགས་འཚོལ་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ལ་ཏན་ཏན་ཏིག་ཏིག་གི་ཁེ་ཕན་ཐོབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།