དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • གཞི་རིམ་ལ་དམ་འཛིན་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཞིང་འབྲོག་ཁུལ་གྱི་ཏང་འཛུགས་སྐྱོང་གི “རིམ་གསུམ་མཉམ་གཏོད ”བྱེད་སྒོ་སྔར་བས་གཏིང་ཟབ་དང་རྒྱ་ཆེར་གཏོང་བ་དང་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་གྱི་སློབ་གསོའི་གྲུབ་འབྲས་སྲ་བརྟན་ངང་གོང་འཕེལ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་རང་བཞིན་དང་གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་བ། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། དུས་བབ་བརྟན་ལྷིང་ལ་སྲུང་སྐྱོང་། འབྱོར་འབྲིང་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་ཀྱི་ཆེད་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་གིས་ཡོངས་ཁྱབ་ངང་རྟོག་ཞིབ་དང་ཞིབ་དཔྱད་གཏིང་ཟབ། གྲ་སྒྲིག་ཐེངས་མང་བཅས་བྱས་ནས་མིག་སྔའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དུས་བབ་དང་བསྟུན་ནས་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་སྒྱུར་བཅོས་བྱེད་རྒྱུ་དེ་འདི་ལོའི་རྫོང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་འཛིན་གྱི་ཡོད།

        གྲོང་ཚོ (གྲོང་ལྷན )“ཨུ་ཡོན་ལྷན་ཁང་གཉིས ”ཀྱི་ཚན་ཁག་སྟོབས་ཆེར་གཏོང་བ།

        དཔལ་མགོན་རྫོང་གིས་འདི་ལོའི་གྲོང་ཚོ (གྲོང་ལྷན )ཏང་རྩ་འཛུགས་དང་སྐབས་དྲུག་པའི་གྲོང་ཚོ (གྲོང་ལྷན )ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱི་བསམ་བློའི་སྐུལ་སློང་ལས་དོན་ལེགས་པར་བསྒྲུབས་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་དང་དམག་ཞབས་ཐིམ་པའི་ཕྱིར་ལོག་དམག་མི། ལས་སྒུག་གཞོན་ནུ་དང་དེ་བཞིན་ཤང་གྲོང་གི་གདན་ཞུ་མཚམས་འཇོག་གི་ལས་བྱེད་པའི་ཁྲོད་ནས་ཕུལ་བྱུང་མི་སྣ་འདེམས་བསྐོ་བྱས་ནས་གྲོང་ཚོ (གྲོང་ལྷན )“ཨུ་ཡོན་ལྷན་ཁང་གཉིས་ཀྱི ”ཚན་ཁག་ནང་བཅུག་སྟེ་མང་ཚོགས་སྣེ་ཁྲིད་ཀྱིས་འཕེལ་རྒྱས་མགྱོགས་སུ་གཏོང་གི་ཡོད་པ་རེད། རྫོང་ཡོངས་ཀྱི་ཤང་གྲོང་10ཡི་སྲིད་འཛིན་གྲོང་ཚོ (གྲོང་ལྷན )95ནང་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ (གྲོང་ལྷན )ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན “གཅིག་གིས་འགན་འཁུར་བ ”དང་དེ་བཞིན་གྲོང་ཚོ (གྲོང་ལྷན )“ཨུ་ཡོན་ལྷན་ཁང་གཉིས་ཀྱི ”ཚན་ཁག་གི་ཁོངས་མི་ལས་གནས་བརྗེ་རེས་ལམ་ལུགས་ལག་བསྟར་བྱས་པ། ཤང་ཀྲང་གཞོན་པ་དང་ཀྲེན་ཀྲང་གཞོན་པས་གྲོང་ཚོ (གྲོང་ལྷན )ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་རྒྱུ་རིམ་བཞིན་ལག་བསྟར་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་མང་ཚོགས་ཀྱི་རྨང་གཞི་ཡག་པ། ལས་ཀ་བྱེད་འདོད་ཡོད་པ། ལས་ཀ་བྱེད་ཐུབ་པ། ལས་ཀ་བྱེད་ཤེས་མཁན་གྱི་ཤང་གྲོང་གདན་ཞུས་ལས་བྱེད་པ་འདེམས་བསྐོ་བྱས་ཏེ་གྲོང་ཚོ་རིམ་པའི་ཚན་ཁག་ནང་བཀོད་སྒྲིག་བྱས་པ། ཆ་རྐྱེན་ཡོད་པའི་གྲོང་ཚོར་ཚོད་ལྟའི་ཐོག་ནས་སློབ་གྲྭ་ཆེ་མོ་དང་ཆེད་ལས་སློབ་འབྲིང་གི་སློབ་ཐོན་སློབ་མ་ཐད་ཀར་གྲོང་ཚོར་ལས་འགན་འཁུར་དུ་བཅུག་པ། སྐོར་སྐྱོད་ཏང་སློབ་འཛུགས་པ་བརྒྱུད་གྲོང་ཚོའི་ལས་བྱེད་པའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་གསོ་སྐྱོང་འཛིན་གྲྭ་སོགས་གཉེར་བའི་ཐབས་ཤེས་སྤྱད་དེ་ཚན་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་དངོས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་རྩ་འཛུགས་ཚན་ཁག་གི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། སྤྱི་ཚོགས་མཐུན་སྦྱོར་གྱི་འཇོན་ཐང་ལ་སྐུལ་འདེད་གཏོང་བ། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པའི་གཞི་གྲངས་འཐུས་སྒོ་ཚང་དུ་བཏང་སྟེ་རྗེས་གྲབས་ལས་བྱེད་མི་སྣའི་འདེམས་བསྐོའི་རྗེས་བསྙེགས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཚོ་རིམ་པའི་ལས་བྱེད་པའི་རྒྱུན་འཛིན་མཁན་ཡོད་པའི་འགན་སྲུང་བྱས་པ་རེད།

        གཞི་རིམ་རྩ་འཛུགས་ལེགས་སྒྲིག་བྱེད་པ།

        སླད་ཕྱིན་ལོ་ཁ་ཤས་ནང་དཔལ་མགོན་རྫོང་གིས་གཞི་རིམ་རྩ་འཛུགས་ལ་ལྷག་པའི་དངོས་ཡོད་གནད་དོན་ལ་དམིགས་ཏེ་གཞི་རིམ་རྩ་འཛུགས་ལེགས་སྒྲིག་བྱེད་པའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱ་རྒྱུ་རེད། འདི་ལོའི་ཟླ་6པར་ཟླ་གཅིག་ཡས་མས་ཀྱི་དུས་ཚོད་སྤྱད་དེ་ཤང་དང་གྲོང་ཚོའི་གཞི་རིམ་རྩ་འཛུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཚོ (གྲོང་ལྷན )“ཨུ་ཡོན་ལྷན་ཁང་གཉིས ”དང་སྡེ་ཚོགས་རྩ་འཛུཌ། བུད་མེད་མཉམ་འབྲེལ་རྩ་འཛུགས། བདེ་སྲུང་ཚོགས་ཆུང་། དམངས་གཙོ་དོ་དམ་ཨུ་ལྷན། རྩྭ་ཐང་དོ་དམ་ཨུ་ལྷན། དགོན་སྡེ་དོ་དམ་ཨུ་ལྷན་སོགས་རྩ་འཛུགས་ལེགས་སྒྲིག་ཡོང་བ་བྱ་རྒྱུ་རེད། གྲོང་ཚོ་རིམ་པའི་རྩ་འཛུགས་ཁྲོད་ཀྱི་གྲོང་ཚོའི་ཏང་ཀྲི་པུའི་འགོ་ཁྲིད་སྲོག་ཤིང་ནུས་པ་ངེས་ཅན་ཐོན་པ་བྱས་ཏེ་གྲོང་ཚོ་མཉམ་འབྲེལ་ཏང་ཀྲི་པུའུ་ཁེར་རྐྱང་འཛུགས་པའི་གནད་དོན་དང་གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་ཁང་འཛུགས་སྐྲུན་བྱེད་པའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱ་རྒྱུ་རེད། དཔལ་མགོན་རྫོང་གིས་གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོའི་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཁ་ཤོ་བརྟོལ་སར་བརྩིས་ཏེ་རྒྱལ་ཁབ་ཀྱི་མ་འཇོག་བརྩོན་ལེན་ཧུར་ཐག་བྱེད་པ་དང་བོད་སྐྱོར་མ་དངུལ་མཐུན་སྦྱོར་བྱེད་པའི་རྨང་གཞིའི་ཐོག་མ་དངུལ་རང་གྲབས་བྱས་ནས་ལྷག་འཕྲོའི་སྲིད་འཛིན་གྲོང་ཚོ (གྲོང་ལྷན )76གི་བྱེད་སྒོའི་ལྟེ་གནས་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་བཏང་སྟེ་ལོ་གསུམ་ཡས་མས་ཀྱི་དུས་ཚོད་སྤྱད་དེ་གྲོང་ཚོ་ཚང་མར་རིག་གནས་བྱེད་སྒོའི་ལྟེ་གནས་ཡོད་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད། གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང་དམའ་བའི་གནད་དོན་དང་ལྷག་པར་དུ་གྲོང་ཚོ (གྲོང་ལྷན )ཁག་གཅིག་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་ཐོབ་ཆ་གང་ཡང་མེད་པའི་གནད་དོན་དང་གཞི་རིམ་རྩ་འཛུགས་ལ་ལས་ཀ་བྱེད་པར་དངུལ་མེད་པའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱ་རྒྱུ་རེད། བྱ་དགའ་ཆད་གཅོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་ལྕག་གིས་དཔྱད་དཔོག་དཔྱད་ཞིབ་ཀྱི་ཐབས་ཤེས་འཐུས་ཚང་དུ་གཏོང་རྒྱུ་གཏན་འཁེལ་བྱས་ཏེ་ལོ་ལྟར་དཔྱད་ཞིབ་ཚད་བསྡུར་བྱས་ནས་གཟེངས་བསྟོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་ཀའི་ཕན་འབྲས་དངོས་དང་འགན་འཁུར་མི་སྣའི་སྲིད་སྐྱོང་བྱས་རྗེས་ཆེ་ཆུང་དང་ཤང་(གྲོང་རྡལ )དང་གྲོང་ཚོ (གྲོང་ལྷན )གྱི་རྣམ་གྲངས་མང་ཉུང་དང་ཐད་ཀར་འབྲེལ་བ་བྱས་ནས་དཔྱད་དཔོག་དཔྱད་ཞིབ་ཀྱི་མཇུག་འབྲས་ལ་གཞིགས་ཏེ་ལོ་ལྟར་གྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ལས་ཀའི་ཕན་འབྲས་མངོན་གསལ་དོད་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུ་རེད། ལོ་འཁོར་གྱི་ལས་དོན་མངོན་གསལ་དོད་པའི་སྔོན་ཐོན་མཉམ་སྡེབ་ལ་ལོ་ལྟར་ཤང (གྲོང་རྡལ )དང་ཤང (གྲོང་ལྷན )གྱི་ཐག་གཅོད་བྱེད་དགོས་ངེས་ཀྱི་རྣམ་གྲངས་ཐག་གཅོད་བྱེད་རྒྱུ་བཀོད་སྒྲིག་བྱ་རྒྱུ་དང་། ལས་ཀའི་བྱས་རྗེས་མངོན་གསལ་དོད་པའི་སྔོན་ཐོན་མཉམ་སྡེབ་ལ་ལོ་ལྟར་ཏང་འཛུགས་སྐྱོང་གི་སྔོན་ཐོན་རྩ་འཛུགས་ཀྱི་སྐོར་སྐྱོད་དར་དམར་སྤྲོད་པ་དང་ལོ་གསུམ་བསྟུད་མར་སྐོར་སྐྱོད་དར་དམར་ཐོབ་པའི་ཤང (གྲོང་རྡལ )དང་ཤང (གྲོང་ལྷན )ལ་དབུལ་སྐྱོར་དང་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཐད་གཟིགས་སྐྱོང་དམིགས་བསལ་བྱ་རྒྱུ་རེད།

        ཏང་ཡོན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ།

        དཔལ་མགོན་རྫོང་གི་གཞི་རིམ་ཏང་རྩ་འཛུགས་ཁག་གིས་ཏང་ཡོན་གྱི་སློབ་གསོར་དོ་དམ་བྱ་རྒྱུ་དེ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱོད་པ་དང་གསོ་སྦྱོང་བྱ་ཐབས་ནང་དོན་གསར་གཏོད་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭའི་ཨར་ལས་བྱེད་སར “ཕན་ཚུན་རོགས་རེས ”བྱེད་སྒོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སོགས་བེད་སྤྱོད་བྱེད་ཐུབ་པའི་གནས་དང་འདྲེན་རྟེན་སྤྱད་དེ། རིགས་པའི་གཞུང་ལུགས་ཀྱི་རིགས་གཅིག་མཁས་ཅན་དང་། འབྲོག་ལས་དང་ལས་གྲྭའི་ལག་རྩལ་མི་སྣ། ཕྱུགས་གསོའི་དུད་ཚང་ཆེ་གྲས་སོགས་བཀོད་སྒྲིག་བྱས་ཏེ་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་ཏང་གི་ལམ་ཕྱོགས་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ། ལག་རྩལ་བེད་སྤྱོད་སོགས་ཐད་ཀྱི་སློབ་གསོ་དང་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད། “དམིགས་ཚད་རྒྱུན་འཁྱོངས་དང་། སྤུས་ཚད་འགན་ལེན། གྲུབ་ཆ་འཐུས་ཚང་། འཕེལ་རྒྱས་གཟབ་ནན ”བཅས་ཀྱི་བྱེད་ཕྱོགས་ལ་གཞིགས་ཏེ་ཏང་ཡོན་འཕེལ་རྒྱས་ཀྱི་ལས་དོན་ལེགས་པར་བསྒྲུབ་ཀྱི་ཡོད་པ་རེད། ཕྱུག་འགྱུར་འཇོན་ཐང་ཅན་དང་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོའི་ཐོག་གི་ཕུལ་བྱུང་མི་སྣའི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་ལེགས་པར་བསྒྲུབས་པ་དང་ན་གཞོན་ཏང་ཡོན་དང་བུད་མེད་ཏང་ཡོན་གཙོ་གནད་དུ་འཕེལ་རྒྱས་གཏོང་གི་ཡོད། ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱེད་པའི་ལས་ཀར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བསམ་བློ་དང་རྩ་འཛུགས། ལས་ཀ་སོགས་ཐད་གཞི་རིམ་ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་ཏང་དང་སྡེ་ཚོགས་རྩ་འཛུགས་ཧྲིལ་པོ་མཉམ་འགུལ་དང་མཉམ་དུ་ཡར་རྒྱས་ཡོང་བ་བྱས་ཏེ་རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏང་ལ་རྒྱུན་ཆད་མེད་པར་ཏང་ཡོན་གསར་པ་ཁ་གསབ་ཡོང་བ་བྱེད་རྒྱུ་རེད། འགུལ་སྐྱོད་ཏང་ཡོན་གྱི་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཁོངས་སྒྲིལ་དོ་དམ་དང་ཟུར་གཏོགས་དོ་དམ་སོགས་ཕན་ཡོད་ཐབས་ཤེས་ཧུར་ཐག་སྤྱད་དེ་འགུལ་སྐྱོད་ཏང་ཡོན་ལ་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།