དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་སྤྲོ་སེམས་འཁོལ་བའི་ངང་ཏང་དབུ་བཪྙེས་ནས་ལོ་ 87 འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-09

            ལྗོངས་ཏང་ཨུད་གཞུང་ལས་ཐིང་།

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་ཏང་གི་སློབ་ཚན་ཁྲིད་པ་དང་། གྲ་སྒྲིག་ཏང་ཡོན་དམ་བཅའ་འཇོག་པ། བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་དབུ་བཪྙེས་ནས་ལོ་ 87 འཁོར་བར་རྟེན་འབྲེལ་ཞུས་པ་རེད།

            ཟླ་ 6 ཚེས་ 30 ཉིན་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་ཁུངས་ཏང་ཨུད་ཀྱིས་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཁྲེ་མིན་ཧོའེ་གདན་དྲངས་ནས་ཐིང་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་འགོ་བརྗོད་དུ 《 ཀྲུང་གོ་གུང་ཁྲན་ཏང་གིས་བོད་དུ་སྲིད་སྐྱོང་བའི་ལོ་རྒྱུས 》ཅེས་པའི་ཏང་གི་སློབ་ཚན་ཞིག་འཁྲིད་པ་རེད།

            ཟླ་ 7 ཚེས་ 1 ཉིན་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་ཁུངས་ཏང་ཨུད་ཀྱིས་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་པའི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་འབྲེལ་གྲ་སྒྲིག་ཏང་ཡོན་གྱིས་དམ་བཅའ་འཇོག་པའི་མཛད་སྒོའང་སྤེལ་བ་རེད།

            ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ།

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཏང་དབུ་བཪྙེས་ནས་ལོ་ 87འཁོར་བར་དྲན་གསོ་ཞུ་ཕྱིར་ཟླ་ 7 ཚེས་ 1 ཉིན་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་པུའུ་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚོགས་ཆེན་སྐོང་ཚོགས་བྱས་ནས་ལོ་གཅིག་རིང་གི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་ཀར་ཕྱོགས་སྡོམ་ནན་ཏན་བྱས་པ་དང་པུའུ་ལས་ཁུངས་ཀྱི་སྔོན་ཐོན་ཏང་ཀྲི་པུའུ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་གཞུང་ཞབས་པ། སྔོན་ཐོན་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱས་པ་རེད།

            མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་།

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་ 7 ཚེས་ 1 ཉིན་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་ 87 འཁོར་བར་དྲན་གསོ་ཞུ་བ་དང་སྔོན་ཐོན་ཏང་ཀྲི་པུའུ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་དོན་ལས་དོན་པ་བཅས་ཀྱི་གཟེངས་བསྟོད་ཚོགས་ཆེན་སྐོང་ཚོགས་བྱས་ཤིང་། ཚོགས་འདུའི་ཐོག་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ 2006 ལོ་ནས་ 2008 ལོའི་ལོ་འཁོར་གྱི་ལྟེ་བའི་ཉིང་ལག་དངུལ་ཁང་གི་སྔོན་ཐོན་ཏང་ཀྲི་པུའུ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་དོན་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱས་པ་རེད།

            ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་།

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་ 7 ཚེས་ 1 ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ལས་བཟོ་ཡོངས་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་བརྒྱབ་པའི་ཏང་ཡོན་རྒན་གྲས་དགའ་སྤྲོ་མཉམ་འཛོམས་བྱས་ནས་ཏང་དབུ་བཪྙེས་ནས་ལོ་ངོ་ 87 འཁོར་བར་རྟེན་འབྲེལ་ཞུས་པ་རེད།

            དྲན་གསོའི་བྱེད་སྒོ་སྤེལ་རིང་ད་དུང “ ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི ”བརྗོད་བྱ་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ་རེད།

            རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་།

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་ 7 ཚེས་ 1 ཉིན་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ཏང་དབུ་བཪྙེས་ནས་ལོ་ 87 འཁོར་བ་དང་2007 ལོ་ནས་ 2008 ལོའི་ལོ་འཁོར་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་དོན་ལས་བྱེད་པ། ཕུལ་བྱུང་སྡེ་ཚོགས་ཀྱི་ཚོགས་མི། ཕུལ་བྱུང་སྡེ་ཚོགས་ལས་བྱེད་པ་བཅས་ལ་གཟེངས་བསྟོད་ཚོགས་ཆེན་སྐོང་ཚོགས་བྱས་པ་རེད།

            ལྗོངས་ཚན་རྩལ་ཐིང་།

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་ 7 ཚེས་ 1 ཉིན་ལྗོངས་ཚན་རྩལ་ཐིང་གིས་ཏང་དབུ་བཪྙེས་ནས་ལོ་ 87 འཁོར་བར་རྟེན་འབྲེལ་ཞུ་བ་དང “ ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག ”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐོང་ཚོགས་བྱས་པ་རེད།

            ཚོགས་འདུ་འགོ་ཚུགས་སྐབས་ཚན་རྩལ་ཐིང་གི་ཚོགས་ཞུགས་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས 《 གུང་ཁྲན་ཏང་མེད་ཚེ་ཀྲུང་གོ་གསར་པ་མེད 》ཅེས་པའི་གཞས་མཉམ་གཏོང་བྱས་པ་དང་དེ་རྗེས་ཏང་ཡོན་གསར་པས་ཏང་ནང་ཞུགས་པའི་དམ་བཅའ་བཞག་པ་རེད།

            ལྗོངས་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་།

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་ 87 འཁོར་བ་དང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ 30 འཁོར་བར་རྟེན་འབྲེལ་ཞུ་ཕྱིར་ཟླ་ 7 ཚེས་ 1 ཉིན་ལྗོངས་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒོ་འགྲམ་དུ་བཅར་འདྲིར་བསྐྱོད་པ་དང་། བཞུགས་མོལ་ཚོགས་འདུ་འཚོགས་པ། འཚམས་འདྲིའི་དངུལ་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ལྗོངས་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཁག་གཅིག་ལ་འཚམས་འདྲི་བྱས་པ་རེད།

     

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།