དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཏང་དབུ་བཪྙེས་ནས་ལོ་87འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-09

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་87འཁོར་བར་རྒྱལ་ཡོངས་ཀྱིས་དགའ་སྟོན་རྟེན་འབྲེལ་ཞུ་སྐབས་ཆབ་མདོ་ས་ཁུལ་གྱིས་ས་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལས་དོན་ཚོགས་འདུ་དང་2006—2008ལོ་འཁོར་གྱི “ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག ”གི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་འབྲེལ་འདས་ཟིན་པའི་ལོ་གཉིས་ནང་ཐོན་པའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་དོན་པར་གཟེངས་བསྟོད་བྱས་པ་རེད།

            ཆབ་མདོ་ས་ཨུད་རྩ་འཛུགས་པུའུ་སོགས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་7དང་ས་ཨུད་གཞུང་ལས་ཁང་ཆ་འཕྲིན་ཁོའོ་ཡི་ཁོའོ་ཀྲང་ཝང་ཞིང་དབྱི་སོགས་ཕུལ་བྱུང་གུང་ཁྲན་ཏང་ཡོན་16དང་ས་ཁུལ་ཞིབ་དཔྱོད་ཡན་ལག་ཁང་གི་སྒྲིག་བཤེར་ཙུའུ་ཀྲང་ཚེ་རྡོར་སོགས་ཕུལ་བྱུང་ཏང་དོན་ལས་དོན་པ་5ལ་གཟེངས་བསྟོད་ཐོབ་ཅིང་། གཟེངས་བསྟོད་ཚོགས་ཆེན་ཐོག་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི། མི་དམངས་འཐུས་ཚོགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་རུའེ་ལན་གྱིས་ས་ཁུལ་དེ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཆབ་མདོའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།