དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཏང་དབུ་བཪྙེས་ནས་ལོ་87འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-09

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོ་གཞིས་རྩེ་ས་ཁུལ་དུ་རྒྱལ་དར་བསྒྲེངས་བ་དང་རྒྱལ་གླུ་གཏོང་བའི་མཛད་སྒོ་འཚོགས་ཏེ་ཏང་དབུ་བཪྙེས་ནས་ལོ་87འཁོར་བར་རྟེན་འབྲེལ་ཞུས་ཤིང་། གཞིས་རྩེ་ས་ཁུལ་ཐད་གཏོགས་དང་། ཀྲུང་དབྱང་ཐད་གཏོགས། ལྗོངས་ཐད་གཏོགས་བཅས་ཚན་པའི་ཏང་ཡོན་ཡོངས་དང་ཏང་ཞུགས་ཧུར་བརྩོན་ཅན་2000ལྷག་ཙམ་རྒྱལ་དར་བསྒྲེངས་བ་དང་རྒྱལ་གླུ་གཏོང་བའི་མཛད་སྒོར་ཞུགས་པ་རེད།

            བརྗིད་ཉམས་ཆེ་བའི་ཏང་དར་འོག་ཏང་ཡོན་ཡོངས་དང་ཏང་ཞུགས་ཧུར་བརྩོན་ཅན་གྱིས་སི་ཁྲོན་དབུན་ཁྲོན་གྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་ཡོམ་འགོག་གེགས་སེལ་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་རྗེས་ཏང་ཡོན་ཚོས་ཏང་ནང་ཞུགས་པའི་དམ་བཅའི་ཚིག་བསྐྱར་ཀློག་བྱས་ཡོད། གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཧའེ་ཧུང་གིས་མཛད་སྒོའི་ཐོག་གཞིས་རྩེས “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད ”བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏཱ་ལའི་ཁ་ཕྲལ་རུ་ཚོགས་དང་འཐབ་རྩོད་བྱེད་པའི་དཀའ་ཚེགས་རང་བཞིན་དང་། ཪྙོག་འཛིང་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་གཞི་རིམ་ཏང་ཀྲི་པུའུ་ཚང་མ་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་བསྐྲུན་པ་དང་གུང་ཁྲན་ཏང་ཡོན་ཚང་མ་འཇོན་ཐང་ཅན་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན། ལས་ཀ་ཏན་ཏིག་ནུས་ལྡན་བྱས་པ་བརྒྱུད་གཞིས་རྩེའི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ཁྱོན་ཡོངས་སྲུང་སྐྱོང་ཏན་ཏིག་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།