བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར་ནག་ཆུ་ས་ཁུལ་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱེད་པ་དང་། ཏང་ཞུགས་དམ་བཅའ་བསྐྱར་ཀློག་བྱེད་པ། ཏང་ཡོན་གསར་པ་འཕེལ་རྒྱས་གཏོང་བ། གཏམ་བཤད་འགྲན་བསྡུར་སྤེལ་བ་སོགས་ཀྱི་བྱེད་སྟངས་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་87འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད།
ནག་ཆུ་ས་ཨུད་དྲིལ་བསྒྲགས་པུའི་ཏང་ཀྲི་པུའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་ཏང་ཡོན་རྒན་གྲས་དང་ཏང་ཡོན་གསར་པས་ཏང་དར་གྱི་མདུན་དུ་གཟི་བརྗིད་ལྡན་ཞིང་བླ་ན་མེད་པའི་དམ་བཅའ་བཞག་པ་དང་ས་ཁུལ་ཐད་གཏོགས་ཚན་པ་ཁག་གི་ཏང་ཡོན་ཚོ་དགའ་འཛོམས་བྱས་ཏེ་ཏང་ཡོན་12ཀྱིས་ཏང་དབུ་བཪྙེས་ནས་ལོ་87འཁོར་བར་རྟེན་འབྲེལ་ཞུ་བ་དང “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི ”ཐད་ཀྱི་ངོ་མཚར་ཆེ་བའི་གཏམ་བཤད་བྱས་པ་ཉན་པ་རེད།
ནག་ཆུ་ས་ཁུལ་གྱི་རྫོང (ཆུས )ཁག་ཏུ་རྒྱ་ཆེའི་ཏང་ཡོན་གྱིས་ལྷ་སའི “3·14”རྡུང་གཅོག་འཕྲོག་སྲེག་གི་གཏུམ་སྤྱོད་ཉེས་གསོག་གི་ཚབས་ཆེའི་དོན་རྐྱེན་དང་རང་ངོས་ཀྱི་ལས་དོན་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་གྱི་འཐུས་མི་ཚོགས་ཆེན་ཐོག་གཏམ་བཤད་བྱས་ཤིང་། རྒྱ་ཆེའི་ཏང་ཡོན་གྱིས་ཐུན་མོང་གི་བསམ་འདུན་ཞིག་མཚོན་པར་བྱས་པ་སྟེ། བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་ཏེ་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་དང་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ལ་དམ་འཛིན་བྱས་ནས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ཏེ་གངས་ལྗོངས་ས་མཐོ་འདི་ཉིད་དེ་བས་དར་རྒྱས་འབྱོར་ཕྱུག་དང་མཐུན་སྦྱོར་བདེ་འཁོད་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།