དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཏང་དབུ་བཪྙེས་ནས་ལོ་87འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-09

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་1ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་གྱིས་ཏང་བཙུགས་ནས་ལོ་87འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་པ་རེད།

            བཞུགས་མོལ་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་རྫོང (ཆུས )ཁག་དང་ཚན་པ་ཁག་ནས་ཡོང་བའི་ཏང་ཡོན་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་རྒན་གྲས་ཀྱིས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དྲན་གསོ་བྱས་པ་དང་། ཏང་གི་འགོ་ཁྲིད་འོག་ལྷ་ས་གྲོང་ཁྱེར་ལ་བྱུང་བའི་འགྱུར་ལྡོག་གསར་པ་གླེང་བ། ལྷ་སའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱས་པ། ཏང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་མུ་མཐུད་ཏང་གི་བྱ་གཞག་ཆེད་དུ་འབད་འཐབ་ཧུར་ཐག་བྱེད་པའི་གདེང་ཚོད་དང་ཆོད་སེམས་མཚོན་པར་བྱས་པ་མ་ཟད། རིམ་པ་མི་འདྲ་བའི་སྒོ་ནས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་ལ་གྲོས་འགོ་ཡང་བཏོན་པ་རེད།

            ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཧྲེ་ཀྲང་རྡོ་རྗེ་ཚེ་སྒྲུབ་ཀྱིས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་སླད་ཕྱིན་གྱི་ལྷ་ས་གྲོང་ཁྱེར་གྱི་ཏང་འཛུགས་ལས་དོན་ཐད་བླང་བྱ་བཏོན་གནང་བ་སྟེ། ངོས་འཛིན་མཐོ་རུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་ཏང་འཛུགས་ལས་དོན་ཡག་པོ་སྒྲུབ་པའི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་དགོས་པ་དང་། དར་ཆ་མཐོན་པོར་བསྒྲེངས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་སྐུལ་འདེད་བཅས་ཀྱི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་པ། དམིགས་ཚད་གསལ་པོ་དང་བསམ་ཕྱོགས་གསལ་པོ་བཟོས་ནས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་དམ་འཛིན་བྱེད་དགོས་པ། དམིགས་ཡུལ་བརྟན་པོ་ངེས་པ་དང་མི་དམངས་ལ་ཞབས་འདེགས་ཞུས་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལེགས་སུ་ཏན་ཏིག་གཏོང་དགོས་པ། རྨང་གཞི་དམ་འཛིན་ཡག་པོ་བྱེད་པ་དང་གཞི་རྩ་བརྟན་དུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་ནུས་བཅས་དངོས་འབྲེལ་ཆེ་རུ་གཏོང་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།