དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • ཏང་དབུ་བཪྙེས་ནས་ལོ་87འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-09

            བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་ 6 ཚེས་ 30 ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྲིད་གྲོས་ལས་ཁུངས་ཀྱི་ཏང་དབུ་བཪྙེས་ནས་ལོ་ངོ་87 འཁོར་བར་རྟེན་འབྲེལ་ཞུ་བ་དང “ ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག ”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐོང་ཚོགས་བྱས་ནས་སྲིད་གྲོས་ལས་ཁུངས་ཀྱི་2008 ལོའི་ལོ་འཁོར་གྱི་སྔོན་ཐོན་ཏང་ཀྲི་པུའུ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་དོན་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱས་པ་རེད།

            རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་མཚོ་མོ་དང་། བློ་བཟང་རྡོ་རྗེ། བསོད་ནམས་སྒྲོལ་མ་བཅས་ཚོགས་འདུར་ཞུགས་པ་རེད།

            ཚོགས་འདུའི་ཐོག་སྲིད་གྲོས་ལས་ཁུངས་ཀྱི་གུང་ཁྲན་ཏང་ཡོན་ཡོངས་ཀྱིས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་ཀློག་བྱས་པ་དང་གུང་ཁྲན་ཏང་ཡོན་ཡོངས་ཀྱིས་ཏང་གི་མངགས་བཅོལ་མི་བརྗེད་པ་དང་རེ་བ་ཆུད་ཟོས་སུ་མི་གཏོང་བའི་ཐོག་ནས་གཏམ་སྤྱོད་ཚང་མ་ཏང་གི་བླང་བྱ་གཞིར་བཟུང་བྱས་ཏེ་མིང་དོན་མཚུངས་པའི་གུང་ཁྲན་ཏང་ཡོན་ཞིག་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

            རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི། དྲུང་ཆེ་བཅས་ཡིན་པའི་བློ་བཟང་རྡོ་རྗེས་གསུང་བཤད་གནང་ཞིང་། ཁོང་གིས་སྲིད་གྲོས་ལས་ཁུངས་ཀྱི་གུང་ཁྲན་ཏང་ཡོན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱི་ཐོག་ནས་བསམ་བློར་དྲག་ཆས་སྤྲས་གང་ཐུབ་བྱས་ཏེ་སྔར་བས་དུས་བབ་གསལ་རྟོགས་དང་བསམ་བློ་གཅིག་གྱུར་ཡོང་བ་བྱས་ཐོག་ཏཱ་ལའི་ཁ་ཕྲལ་རིང་ལུགས་རུ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང “ ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད ”བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་དང་ཏང་ཀྲི་པུའུ་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དེའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་ཐུབ་པ་བྱེད་པ་དང་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།