བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ད་ལོའི་རིང་གོང་དཀར་རྫོང་གིས་དོན་དངོས་ལ་གཞི་བཙུགས་ནས་གསར་གཏོད་བྱེད་ཕོད་པ་དང “རིམ་གསུམ་མཉམ་གཏོད ”བྱེད་སྒོ་གཏིང་ཟབ་ཏུ་གཏོང་རྒྱུ་འདྲེན་རྟེན་དང་རྣམ་པར་ཕན་འབྲས་ལྡན་པའི་ངང་འཚོལ་ཞིབ་དང “བཞི་སྦྱར་བཞི་འབྲེལ ”གྱི་ལམ་ལུགས་བཙུགས་པ་དང་ལག་བསྟར་བྱས་པས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཏང་ཡོན་འབྲེལ་བ་དམ་ཟབ་བྱེད་རྒྱུ་ཕན་ནུས་ལྡན་པའི་ངང་མངོན་འགྱུར་བྱུང་བ་དང་། རིམ་ཁག་གི་འགོ་ཁྲིད་འཐབ་ཕྱོགས་དང་པོར་སྐུལ་ཁྲིད་བྱེད་པ་དང་གོང་འོག་མཉམ་འགུལ་དང་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཆགས་ཏེ་རྒྱ་ཆེའི་ཏང་ཡོན་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་ཐུབ་པ་བྱུང་བ་དང་། རིམ་ཁག་འགོ་ཁྲིད་དང་གྲོང་གསེབ་ཏང་ཡོན་གྱིས་ཐུན་མོང་ཐོག་མཉམ་འགུལ་བྱེད་པའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ཟུངས་ནུས་གསར་པ་རགས་ཙམ་བཙུགས་ཡོད་པ་རེད།
“བཞི་སྦྱར་བཞི་འབྲེལ ”ཟུངས་ནུས་ནི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པར་ཤང་དང་གྲོང་རྡལ་གཅིག་སྦྱར་བ་དང་། སྔོན་ཐོན་གྲོང་ཚོ་གཅིག་དང་། རྗེས་ལུས་གྲོང་ཚོ་གཅིག དབུལ་པོའི་དུད་ཚང་གཅིག་བཅས་དང་འབྲེལ་བ་བྱེད་པ་དང་། རྫོང་རིམ་པའི་ལས་ཁུངས་ཀྱི་ཚན་པར་ཤང་དང་གྲོང་རྡལ་གཅིག་སྦྱར་བ་དང་། དཔལ་འབྱོར་ཉམས་ཞན་ཡིན་པའི་གྲོང་ཚོ་གཅིག་དང་དབུལ་པོའི་དུད་ཚང་གཅིག་དང་འབྲེལ་བ་བྱེད་པ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པར་གྲོང་ཚོ་གཅིག་སྦྱར་བ་དང་། དབུལ་པོའི་དུད་ཚང་གཅིག་དང་འབྲེལ་བ་བྱེད་པ། གྲོང་གསེབ་ཏང་ཡོན་ལ་དབུལ་པོའི་དུད་ཚང་གཅིག་སྦྱར་བ་དང་། ཏང་བཞུགས་ཧུར་བརྩོན་ཅན་གཅིག་དང་འབྲེལ་བ་བྱེད་པ་བཅས་ལ་ཟེར་གྱི་ཡོད། རྫོང་དེས “བཞི་སྦྱར་བཞི་འབྲེལ ”གྱི་ལམ་ལུགས་བཙུགས་པ་དང་ལག་བསྟར་བྱས་པས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་འཛུགས་སྐྱོང་ལས་ཀའི་གལ་ཆེའི་རང་བཞིན་སྔར་བས་ངོས་འཛིན་ཐུབ་པ་དང་། ཏང་འཛུགས་སྐྱོང་གི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཕྱིན་ཐོག “འགན་འཁྲི་བ་དང་པོ ”དང “ཐད་ཀའི་འགན་འཁྲི་བ ” “ཞིབ་ཕྲའི་འགན་འཁྲི་བ ”བཅས་མིང་དོན་མཚུངས་ཐུབ་པ་བྱུང་ཡོད།