དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཏུང་ཡུན་ཧུའུ་རིག་གནས་སྒྱུ་རྩལ་ལས་རིགས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་29ཉིན་གྱི་སྔ་དྲོ་རང་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་སློབ་སྦྱོང་གི་མྱོང་ཚོར་ལྷུག་གླེང་དང་། བསམ་བློའི་ངོས་འཛིན་སྤེལ་རེས། བསམ་བློའི་བྱེད་ཐབས་འཆར་འགོད་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་དེའི་ནང་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཚོགས་ཆེན་བཅོ་བརྒྱད་པས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་བཀོད་སྒྲིག་གལ་ཆེན་བྱས་པ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བའི་གཞི་རྩའི་ཕྱོགས་སྟོན་ཞིག་ཡིན་ལ་རིག་གནས་སྒྱུ་རྩལ་གྱི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པས་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཁྲོད་ཧུར་ཐག་ཞུགས་ཏེ་རང་ལྗོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

        ཏུང་ཡུན་ཧུའུ་ཡིས་རིག་གནས་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཚོགས་ཆེན་བཅོ་བརྒྱད་པའི་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱས་ཏེ་རང་ལྗོངས་འདི་ཉིད་རིག་གནས་ཐོན་ཁུངས་ཀྱི་ལྗོངས་ཆེན་ནས་རིག་གནས་འཕེལ་རྒྱས་ཀྱི་སྟོབས་ཆེའི་ལྗོངས་སུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་རིག་གནས་སྒྱུ་རྩལ་གྱིས་དར་སྲོལ་ལ་སྣེ་ཁྲིད་བྱེད་པ་དང་། མི་དམངས་ལ་སློབ་གསོ་རྒྱག་པ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་སྟེ། གཅིག་ནས་གོ་བ་གཏིང་ཟབ་ལེན་པ་དང་བསམ་བློར་དྲག་ཆས་སྤྲས་ཏེ་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས། རིག་རྩལ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རིག་གནས་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཚོགས་ཆེན་བཅོ་བརྒྱད་པའི་ནང་བཏོན་པའི་བསམ་བློ་གསར་པ་དང་། བླང་བྱ་གསར་པ། བཀོད་སྒྲིག་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་རིག་གནས་བྱ་གཞག་འཕེལ་རྒྱས་ཀྱི་ཕྱོགས་ཁག་ཁྲོད་ལག་བསྟར་བྱས་ནས་རིག་རྩལ་གསར་གཏོད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་མངོན་པ་བྱེད་དགོས་པ་དང་། གཉིས་ནས་རང་འགུལ་ཧུར་ཐག་དང་གསར་གཏོད་འབད་བརྩོན་བྱས་ཏེ་གསོན་ཉམས་ལྡན་པའི་སྒོ་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱེད་དགོས། བརྩམས་སྒྲུང་དང་། སྙན་ངག རོལ་དབྱངས། གཏམ་བརྗོད། པར་ལེན་མཛེས་རྩལ་སོགས་བྱེད་ཐབས་སྣ་ཚོགས་གང་ལེགས་སྤྱད་དེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དགའ་པོ་བྱེད་པའི་བརྩམས་ཆོས་ཁག་གཅིག་ཤུགས་ཆེན་བཏོན་ནས་གསོན་ཉམས་དང་འཁྲུག་ཆ་དོད་པའི་སྒོ་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱེད་དགོས་པ། གསུམ་ནས་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་བོད་ཀྱི་འཕེལ་རྒྱས་འགྱུར་ལྡོག་གི་གནས་ཚུལ་ཞིབ་ཕྲ་གླེང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་རིག་གནས་བྱ་གཞག་ལས་དོན་གྱི་སྤྱི་ཡོངས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གསོན་ཉམས་དོད་པའི་རིག་རྩལ་བྱེད་ཐབས་ཀྱི་ཐོག་ནས་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་གྲུབ་འབྲས་ལ་བསྟོད་གླུ་འབུལ་དགོས་པ། བཞི་ནས་དུས་རབས་དང་བསྟུན་པ་དང་མི་དམངས་ལ་ཞབས་འདེགས་ཞུས་ཏེ་མི་དམངས་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་ལེགས་པའི་བསམ་པའི་རྒྱགས་ཕྱེ་རང་རྟོགས་ཀྱི་སྒོ་ནས་ལེགས་སྐྱེས་འབུལ་དགོས། མི་དམངས་སྔ་ཕྱི་བར་གསུམ་དུ་བརྗོད་དོན་གཙོ་བོར་བརྩིས་ཏེ་མི་དམངས་ཀྱི་གནས་ཚུལ་འབྲི་བ་དང་། མི་དམངས་ཀྱི་སྐོར་བརྗོད་པ། མི་དམངས་ལ་བསྟོད་གླུ་འབུལ་བ་བཅས་ཀྱི་ཐོག་ནས་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། དངོས་ཡོད་ཀྱི་འཚོ་བ་མཚོན་པ། དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་གླུ་འབུལ་བ། མི་རིགས་ཀྱི་ཁྱད་ཆོས་མངོན་པ་དང་དུས་རབས་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་རིག་རྩལ་བརྩམས་ཆོས་རྒྱུན་ཆད་མེད་པར་བཏོན་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།