དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཏུང་ཡུན་ཧུའུ་བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཆར་འགོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་26ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཆར་འགོད་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཆར་འགོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་བཅས་ཡིན་པའི་ཏུང་ཡུན་ཧུའུ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

        ཏུང་ཡུན་ཧུའུ་ཡིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རྣམ་གྲངས་འཆར་འགོད་ལས་དོན་ནི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་དང་སྲིད་གཞུང་གི་འཐབ་ཇུས་དོན་འཁྱོལ་བྱ་རྒྱུའི་དམ་འཛིན་བྱ་གཞི་ཞིག་དང་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་ལ་ཞབས་འདེགས་ཞུ་ཡུལ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་ཁ་ཕྱོགས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཕྱོགས་སྟོན་སྟངས་འཛིན་ནན་པོས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་ཧུར་ཐག་བཏང་སྟེ་རིག་གཞུང་ཐད་རིན་ཐང་ངེས་ཅན་ལྡན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་ཞིབ་འཇུག་གྲུབ་འབྲས་ཁག་གཅིག་བཏོན་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། བོད་རིག་པ་ཞིབ་འཇུག་བྱེད་པའི་རང་ལྗོངས་ཀྱི་ཐོན་ཁུངས་ལེགས་ཆ་དང་ཤེས་ལྡན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་རང་ལྗོངས་འདི་ཉིད་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་བཏོད་དེ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་མ་དངུལ་དང་། སྲིད་ཇུས་སོགས་ཀྱི་ཐད་ནས་སྔར་རྒྱུན་བཞིན་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།