དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        དུས་མཚམས་གོང་མའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱེད་ཆེད། ཚེས་26ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཧའོ་ཕུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་དུས་བབ་ལ་སྔར་བས་ངོས་འཛིན་གསལ་པོ་དང་། བདེ་སྡོད་ཉེན་བསམ། ཡང་འབད་བསྐྱར་འབད། དུས་བསྟུན་ལས་སྒྲུབ་བཅས་བྱས་ཏེ་དུས་མཚམས་རྗེས་མའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ་ཁྱོན་ཡོངས་ནས་བརྟན་ལྷིང་དང་ལོ་ཧྲིལ་པོ་བརྟན་ལྷིང་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        རངསྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཧའོ་ཕུང་གིས་ད་རེས་ཀྱི་ཚོགས་འདུས་མཚོན་རྟགས་སུ་བྱས་ཏེ་རང་ལྗོངས་ཀྱི་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་བདེ་སྲུང་གི་འགག་སྒྲོལ་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ཡོད། ཟླ་བ་གཅིག་ལྷག་ཙམ་རིང་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཚན་པ་ཁག་དང་ཕྱོགས་ཡོངས་ཀྱི་ལས་སྒྲུབ་དཔུང་སྡེས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་དང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་པ། ཐམས་ཅད་བརྟན་ལྷིང་ལ་བསྟུན་པ་དང་ཐམས་ཅད་ཀྱིས་བརྟན་ལྷིང་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་པ། ལས་འགན་སྒྲུབ་མཁན་དཔུང་སྡེའི་དཔོན་དམག་དང་སྲིད་ཁྲིམས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པས་གཙོ་རྐང་བྱས་པ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཙོ་རྐང་སྟོབས་ཤུགས་བྱས་པ། མི་རིགས་ཁག་གི་མི་དམངས་མང་ཚོགས་རྩ་བའི་རྒྱབ་རྟེན་དུ་བྱེད་པ་བཅས་བྱས་ཏེ་མུ་མཐུད་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་སྟབས་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་དང་གནས་ཚུལ་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ལྷག་པའི་འགན་ལེན་བྱས་ཡོད་པ་རེད། རང་ལྗོངས་ཀྱི་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་སྲུང་སྐྱོང་བདེ་སྲུང་ལས་དོན་ལ་ཀྲུང་དབྱང་དབུ་ཁྲིད་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚན་པས་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་གནང་ཡོད་ཅེས་གསུངས་པ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ་དང་། ཀྲུའུ་རེན་བྱམས་པ་ཕུན་ཚོགས། ཀྲུའུ་ཞི་པད་མ་འཕྲིན་ལས་དང་དེ་བཞིན་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོངབཀོད་འདོམས་པུའུ་བཅས་ཀྱི་ཚབ་ཞུས་ནས་རང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་འབུལ་མཁན་བློ་མཐུན་རྣམས་ལ་བླ་ན་མེད་པའི་གུས་འདུད་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་རྒྱབ་སྐྱོར་དང་བསམ་ཤེས་བྱེད་མཁན་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

        ཧའོ་ཕུང་གིས་ས་ཁུལ (གྲོང་ཁྱེར )ཁག་གི་ཚན་པ་ཁག་དང་ལྷག་པར་དུ་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ཆེད་དོན་འཛིན་གྲྭ་དང་ཕྱོགས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་ནན་ཏན་དང་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་དམ་པོར་དམིགས་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་གཞིགས་པ། བོད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། གཏན་ལ་ཕབ་པའི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་མཐའ་འཁྱོངས་བྱེད་པ། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྩ་བཅོས་ཇུས་གཞི་འཆར་འགོད་ཧུར་ཐག་བྱེད་པ་བཅས་བྱས་ནས་རང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུར་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

        ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལྗོངས་ཡོངས་ཀྱི་ས་ཁུལ (གྲོང་ཁྱེར )ཁག་དང་རྫོང (གྲོང་ཁྱེར་དང་ཆུས )དུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།