དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཏིང་ཡེ་ཤན་གྱིས་སྣང་རྫོང་དུ་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་19ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཉིང་ཁྲིར་བཅའ་སྡོད་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་ཚོགས་ཆུང་གི་ཚོགས་གཙོ་ཏིང་ཡེ་ཤན་སྐྱེམས་སྟོང་ཤང་ལས་སྒྲུབ་ས་ཚིགས་དང་། གདོང་དཀར་གྲོང་རྡལ་བསྡམས་གྲོང་ཚོ། 35KVལྟེ་གནས་གློག་སྒྱུར་ས་ཚིགས་སོགས་སུ་ཕེབས་ནས་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་དང་བརྟག་ཞིབ་གནང་བ་དང་འཐབ་ཕྱོགས་དང་པོའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག གྲོང་ཚོའི་ལས་བྱེད་པ། གློག་ཁང་གི་ལས་བྱེད་ལས་བཟོ་བཅས་ལ་གཟིགས་པ་རེད།

        ཏེང་ཡེ་ཤན་དང་བཅས་པས་སྣང་རྫོང་སྐྱེམས་སྟོང་ཤང་ལས་སྒྲུབ་ས་ཚིགས་སུ་དུས་ཡུན་རིང་པོའི་ནང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་ལས་སྒྲུབ་བྱེད་བཞིན་པའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་ཚོར་འཚམས་འདྲི་ཞུས་ཤིང་། ཁོང་གིས་ལས་སྒྲུབ་དང་ལས་སྒྲུབ་གྲ་སྒྲིག་བྱེད་མཁན་གྱི་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་ས་གནས་དེ་གའི་བདེ་འཇགས་སྲུང་སྐྱོང་དང་ལས་སྒྲུབ་ལས་འགན་ཁག་ལེགས་པར་སྒྲུབ་རྒྱུའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རིང་གི་ལས་གནས་བརྟན་སྲུང་དང་ལས་སྒྲུབ་དང་ལས་སྒྲུབ་གྲ་སྒྲིག་གིས་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས་པ་དང་། ཁོང་གིས་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་ཚོས་བསྟུད་མར་འབད་འཐབ་བྱེད་པ་དང་རང་འགན་གཙང་སྒྲུབ་བྱེད་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ཐོག་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་ནས་སྣང་རྫོང་དང་ཉིང་ཁྲི་ས་ཁུལ་གྱི་བརྟན་ལྷིང་འགན་ལེན་དང་མངའ་ཁོངས་དེའི་ཡུལ་མིའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།