དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་19ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་ཉེ་དུས་ཀྱི་ལས་དོན་ཁག་གི་སྙན་སེང་གསན་སྐབས་སླར་ཡང་ངར་ཤུགས་འཕེལ་བ་དང་ཡང་འབད་བསྐྱར་འབད་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་འགག་སྒྲོལ་སྲུང་སྐྱོབ་དམག་འཐབ་ཀྱི་མཐའ་མའི་རྒྱལ་ཁ་ཁྱོན་ཡོངས་ནས་བླངས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཆེ་དགྲ་ལྷས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་ནས་ལྷ་སར་ཕེབས་རྗེས་འཕྲལ་དུ་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དང་། དྲོད་རླངས་མཁོ་འདོན་ལས་གྲྭ་དུད་ཚང་དུ་ཚོད་གཏོང་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་དང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོའི་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་ནས་ཁོང་ཚོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་རིང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

        ཆེ་དགྲ་ལྷས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ལྷ་སའི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཞིང་། ཆེ་དགྲ་ལྷས་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་ཡག་པོ་བྱ་རྒྱུ་དེ་ཡིན། ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་གནང་བའི་སྙན་སྒྲོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་བློ་གྲོས་དང་སྟོབས་ཤུགས་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་སྤྱིའི་བླང་བྱ་དང་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཐོག་གོང་བུ་འགྲིལ་བ་བྱེད་པ་དང “འཐབ་ཇུས་ཆེན་པོ་ལྔ ”ལག་བསྟར་གཏིང་ཟབ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་མིག་སྔའི་ལས་དོན་ཁག་ཏན་ཏན་ཏིག་ཏིག་ངང་ཡག་པོ་བསྒྲུབས་པ་དང་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་ངེས་པར་དུ་ཚོགས་ཆེན་བཅོ་བརྒྱད་པའི་གཟིགས་རྒྱང་གསར་པ་དང་དགོངས་དོན་གསར་པའི་ཐོག་ནས་བསམ་ཕྱོགས་སྔར་བས་གསལ་པོ་བཟོ་བ་དང་བྱེད་ཐབས་གཏིང་ཟབ་ཏུ་གཏོང་བ་དང་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གཏན་འཁེལ་གནང་བའི་དམིགས་ཚད་དང་ལས་འགན་རིམ་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱས་ཏེ་ལས་དོན་ཁག་འགོ་འཛུགས་ས་གསར་པའི་ཐོག་ཚད་བརྒལ་གསར་པ་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཆེ་དགྲ་ལྷས་ཚོགས་ཆེན་བཅོ་བརྒྱད་པའི་རིང་བརྟན་ལྷིང་སྲུང་སྐྱོང་མི་སྣ་ཡོངས་ཀྱི་རྒྱུན་སྲིང་ལྷོད་མེད་ཀྱི་འབད་བརྩོན་འོག་ལྷ་སའི་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་བྱུང་བ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་འགག་སྒྲོལ་སྲུང་སྐྱོབ་དམག་འཐབ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མཚོན་ཡོད་ཅེས་གསུངས་ཤིང་། ཆེ་དགྲ་ལྷས་རིམ་ཁག་སྡེ་ཚན་ཁག་ལ་ལྷོད་གཡེང་གི་བསམ་བློ་སྤུ་ཙམ་ཡང་མི་འཆང་བར་ཧྲུའུ་ཅི་ཁྲེན་ཆོན་གོས་བཏོན་གནང་བའི “སེམས་ནུས་གཅིག་སྒྲིལ་དང་། སྤེལ་ཤུགས་ཆུང་དུ་མི་གཏོང་བ། ལས་དོན་ལ་གཡོ་འགུལ་མི་གཏོང་བ། འགན་འཁྲིར་ལྷོད་གཡེང་མི་གཏོང་བ ”བཅས་ཀྱི་བླང་བྱར་ཏན་ཏིག་ངང་གཞིགས་ནས་ལྷ་སའི་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་དུས་བབ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཆེ་དགྲ་ལྷས་དཔལ་འབྱོར་སྡེ་ཚན་ལ་ངེས་པར་དུ་ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ལ་གཞིགས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་བརྟན་པོའི་ངང་འཕར་བ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་མགྱོགས་མྱུར་ཕན་འབྲས་དངོས་ལ་འགྱུར་བ་བྱེད་པ་བཅས་བྱས་ཐོག་སྙིང་སྟོབས་རབ་འཕེལ་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།