དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་14དང་18ཉིན་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཚེ་རིང་རང་སྐྱོང་ལྗོངས་རླུང་འཕྲིན་བཪྙན་འཕྲིན་ཅུས་དང་། ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་ཁང་། ལྗོངས་ཐད་གཏོགས་ལས་དོན་ཨུ་ལྷན། ཀྲུང་གོ་རྡོ་སྣུམ་བོད་ལྗོངས་བྲིན་ཚོང་ཡན་ལག་ཀུང་སི། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་ལྗོངས་ཐད་གཏོགས་ལས་ཁུངས་ལ་སྔ་རྗེས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་ལས་ཀ་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་གནང་བ་དང་འབྲེལ་ལས་གནས་ཐོག་དཀའ་སྤྱད་འབད་བརྩོན་བྱེད་མཁན་ལས་བཟོར་ཡང་གཟིགས་པ་རེད།

        ཚེ་རིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ལེན་པའི་བརྗིད་ཆེའི་དམིགས་ཚད་བཀོད་ཡོད་པས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཙོ་རྐང་དེ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུར་དམ་འཛིན་ནན་ཏན་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་། གོ་བ་མཐར་ཕྱིན་པ་ལེན་པ། ལག་ལེན་སྔར་བས་རང་རྟོགས་ཀྱིས་བྱས་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།