དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • སྒྲིག་འཛུགས་དམ་ཚགས་དང་། གཞོགས་འདེགས་ཧུར་ཐག ནུས་ཤུགས་ཡོད་རྒུ་བཅས་ཀྱི་སྒོ་ནས་འདི་ལོ་དགུན་ཁ་ལྷ་ས་གྲོང་ཁུལ་གྱི་ཁྱིམ་དུད་40%ལ་དྲོད་རླངས་མཁོ་འདོན་ཐུབ་པ་བྱ་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེ་ཁུ་ནུ་ནུས་རྒྱུ་བོད་ལྗོངས་ཚད་ཡོད་ཀུང་སི་ལྷ་སའི་རང་བྱུང་སོལ་རླངས་ས་ཚུགས་དང་གྲོང་མིའི་ཁུལ་ཆུང་ཁག་ཏུ་ཕེབས་ཏེ་ལྷ་ས་གྲོང་ཁྱེར་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭའི་འཕེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་སྦྲགས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ལྷ་ས་གྲོང་ཁྱེར་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་ཚོ་དང་ལྷན་དུ་དྲོད་རླངས་མཁོ་འདོན་གྱི་དོན་ཆེན་ལ་གྲོས་ཞིབ་གནང་བ་རེད།

        ཁུ་ནུ་ནུས་རྒྱུ་ལྷ་ས་ཚད་ཡོད་ཀུང་སི་ལྷ་སའི་རང་བྱུང་སོལ་རླངས་ས་ཚུགས་ཀྱི་དུས་མཚམས་དང་པོའི་ལས་གྲྭ་དེ་2011ལོའི་ཟླ་9ཚེས་30ཉིན་བསྐྲུན་ཟིན་ནས་ཚོད་ལྟ་བྱས་པ་དེ་ནི་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་རང་བྱུང་སོལ་རླངས་མཁོ་འདོན་རྟེན་གཞི་ཡིན། ཝུའུ་དབྱིང་ཅེ་རང་བྱུང་སོལ་རླངས་ས་ཚུགས་སུ་ཕེབས་ཏེ་ལས་བཟོ་ཚོར་རེ་རེ་བཞིན་ཕྱག་བཏང་གནང་བ་མ་ཟད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭར་ལྷན་རྒྱས་ཚོས་ཐུན་མོང་ཐོག་དཀའ་སྤྱད་འབད་འབུངས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འཚམས་འདྲིའང་གནང་བ་རེད། རང་བྱུང་སོལ་རླངས་ས་ཚུགས་ཀྱི་དུས་མཚམས་དང་པོའི་ལས་གྲྭའི་འཆར་འགོད་དེས་ཉིན་རེར་དྲོད་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་15མཁོ་འདོན་ཐུབ་ཀྱི་ཡོད་པ་དང་ད་ལྟའི་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་འགྲོ་ཚུལ་ལ་གཞིགས་ན་ནུས་པ་དེས་ལྷ་ས་གྲོང་ཁྱེར་གྱིས་2015ལོའི་བར་གྱི་སོལ་རླངས་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པ་དང་དུས་མཚམས་གཉིས་པའི་ལས་གྲྭ་གྲུབ་རྗེས་དྲོད་རླངས་མཁོ་འདོན་ཐུབ་ཚད་ཉིན་རེར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་50ཟིན་ནས་ལྷ་ས་གྲོང་ཁྱེར་གྱི་སོལ་རླངས་དགོས་མཁོ་ཡོངས་སུ་བསྐང་ཐུབ་རྒྱུ་ཡིན་པ་མཁྱེན་རྟོགས་བྱུང་སྐབས་ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ཁུ་ནུ་ནུས་རྒྱུ་བོད་ལྗོངས་ཚད་ཡོད་ཀུང་སི་ལྷ་སའི་རང་བྱུང་སོལ་རླངས་ས་ཚུགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་སོལ་རླངས་ཀྱི་དགོས་མཁོར་དམིགས་ཏེ་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ནུས་རྒྱུའི་མཁོ་འདོན་འགན་ལེན་ཐུབ་པ་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་ཆེད་ལེགས་སྐྱེས་སྔར་ལྷག་འཇོག་དགོས་པའི་ཐུགས་རེ་གནང་བ་རེད།

        ཝུའུ་དབྱིང་ཅེས་འབྲེལ་ཡོད་སྡེ་ཚན་གྱིས་གོང་ཁེ་ལ་སྤྱོད་གོ་ཆེ་བ་དང་དཔེ་མཚོན་ཞིབ་ཅིང་ཕྲ་བའི་མངོན་སུམ་མཐོང་སྣང་གི་ཐོག་ནས་སོལ་རླངས་ཀྱི་བེད་སྤྱོད་ལས་བྱུང་བའི་ཕན་བདེ་དང་ཕན་ཡོན་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱི་བསམ་བློ་གཏོང་སྟངས་བསྒྱུར་ཏེ་འབྱུང་འཕྲོད་དང་། ཐཱན་ཉུང་། གཙང་མ་བཅས་ཡིན་པའི་ནུས་རྒྱུ་རྒྱ་ཁྱབ་ཏུ་སྤྱོད་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཞིང་། ཁོང་གིས་སོལ་རླངས་ས་ཚུགས་ཀྱི་བློ་མཐུན་ལ་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་འདུ་ཤེས་ངེས་པར་དུ་ཟབ་ཏུ་གཏོང་བ་དང་གཏན་འབེབས་ཁག་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་བཅས་ཀྱི་སྒོ་ནས་སོལ་རླངས་ས་ཚིགས་ཀྱི་ལས་ཀའི་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་ཡོང་བ་བྱེད་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད།

        བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་ལས་དོན་ཏན་ཏིག་སྤེལ་རྒྱུར་སྐུལ་མ་བཏང་ནས་དགུན་དུས་དྲོད་རླངས་མཁོ་འདོན་བྱ་རྒྱུ་དེ་མི་རིགས་ཁག་གི་མི་དམངས་ལ་ཕན་པ་བསྐྲུན་རྒྱུ་དང་། ཞི་མཐུན་བརྟན་ལྷིང་སྲུང་བའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ཏེ་དགུན་དུས་དྲོད་གཏོང་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།