དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེ་དགའ་ལྡན་དགོན་དང་གཙང་ཏོག་ཤང་དུ་འཚམས་འདྲི་དང་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་བསྣམས་ནས་ཟླ་11ཚེས་10ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དགའ་ལྡན་དགོན་དང་། སྟག་རྩེ་རྫོང་གཙང་ཏོག་ཤང་གཙང་ཏོག་གྲོང་ཚོ། སྟག་རྩེ་རྫོང་སྤྱི་བདེ་ཅུས་དར་རྒྱས་ཤང་མངགས་གཏོང་ཁང་བཅས་སུ་ཕེབས་ནས་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་དེ་བཞིན་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱི་ཚབ་ཞུས་ཏེ་དགོན་སྡེར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ཚོགས་ཆུང་དང་དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། གྲོང་མི། སྤྱི་བདེ་མི་དམངས་ཉེན་རྟོག་པ། དགོན་སྡེའི་དགེ་འདུན་པ་བཅས་ལ་གཟིགས་ཐོག་འཚམས་འདྲི་ཡང་གནང་བ་རེད། འཚམས་འདྲི་གནང་སྐབས་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལྷག་པ་ཚེ་རིང་གིས་ཝུའུ་དབྱིང་ཅེར་དགའ་ལྡན་དགོན་ལ་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ལྡན་ཡོད་ཅིང་། དགེ་འདུན་པ་ཚོས་རྒྱུན་དུ་སྐབས་དོན་ཆབ་སྲིད་དང་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱ་རྒྱུ་ཆེད་མངགས་སྒྲིག་འཛུགས་བྱེད་ཀྱི་ཡོད། ཟླ་11ཚེས་8ཉིན་དགེ་འདུན་པ་ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་མཛད་སྒོའི་ཐད་གཏོང་གནས་ཚུལ་གཅིག་སྡུད་ཐོག་བལྟས་པ་དང་ད་ཆ་དགའ་ལྡན་དགོན་པའི་ཆོས་ཕྱོགས་བྱེད་སྒོ་ཁག་ཚང་མ་རྒྱུན་གཏན་བཞིན་སྤེལ་བ་དང་། དགེ་འདུན་པའི་བསམ་བློ་ལྷིང་པོ་ཡོད་པ། དགོན་པ་ཞི་མཐུན་བརྟན་ལྷིང་བཅས་ཡོད་ཅེས་བཤད་པ་རེད། ཝུའུ་དབྱིང་ཅེས་གསན་རྗེས་མྱོང་ཚོར་ཟབ་མོའི་སྒོ་ནས་ཆོས་ཀྱི་སྙིང་པོ་ཡིན་པའི “རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན ”བཅས་ནི་ང་ཚོའི་ཞི་མཐུན་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་དང་ཕན་ཚུན་འཚམ་ཡོད། བོད་ཀྱི་རྒྱ་ཆེའི་གྲྭ་བཙུན་གྱི་ངོས་ནས་བརྗོད་ན་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་རྒྱལ་སྐྱོང་འགྲོ་ཕན་དང་ནང་བསྟན་དར་སྤེལ་གཏོང་བའི་བླ་མ་སྐྱེས་ཆེན་ཞིག་ཏུ་འགྱུར་བ་ཧུར་ཐག་་བྱེད་དགོས་ཞེས་གསུངས་པར་གྲྭ་དམངས་ཚོ་ཡིད་ཚིམ་པོ་བྱུང་བ་དང་ཚང་མས་སྤྲོ་སེམས་འཁོལ་བའི་ཐལ་མོ་བརྡབ་པ་དང་ངོ་གདོང་ནས་སྤོབས་སེམས་དང་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཡོད།

        དགའ་ལྡན་དགོན་དུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ཚོགས་ཆུང་དང་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་དོན་སྙན་ཞུ་གསན་རྗེས་ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་ནང་དགའ་ལྡན་དགོན་གྱིས་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

        དགའ་ལྡན་དགོན་པའི་དགེ་འདུན་པའི་རྒན་གསོ་འགན་བཅོལ་སོགས་དངོས་ཡོད་དཀའ་ངལ་ས་གནས་ས་ཐོག་ཏུ་ཐག་གཅོད་བྱས་རྗེས་ཝུའུ་དབྱིང་ཅེས་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་དང་། རིག་དངོས་སྲུང་སྐྱོབ། དགོན་སྡེ་དོ་དམ་བཅས་ལ་སྔར་ནས་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ཅེས་ནན་བཤད་གནང་ཞིང་། ཁོང་གིས་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་ཡང་འབད་བསྐྱར་འབད་དང་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས་རྒྱ་ཆེའི་གྲྭ་དམངས་ཚོས་རང་འགུལ་ངང་དགོན་སྡེ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུའི་ཐུགས་རེ་གནང་བ་རེད།

        དེ་རྗེས་ཝུའུ་དབྱིང་ཅེ་དང་བཅས་པས་སྟག་རྩེ་རྫོང་གཙང་ཏོག་ཤང་གཙང་ཏོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སར་ཕེབས་ནས་རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་བྱེད་སྒོ་སྤེལ་ཚུལ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱས་ཚུལ་མཁྱེན་རྟོགས་གནང་བ་རེད། ཝུའུ་དབྱིང་ཅེས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་དོན་ནི་རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་ཡིན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ནན་ཏན་ངང་བརྟག་དཔྱད་ཞིབ་འཇུག་བྱས་ཁར་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་མང་ཚོགས་ཀྱིས་དོ་སྣང་བྱེད་མང་ཤོས་དང་ཁོང་ཚོའི་དཀའ་གནད་དུས་ཐོག་ཏུ་སེལ་བ་བཅས་བྱས་ཏེ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མང་ཚོགས་ཀྱིས་ཏན་ཏིག་ཚོར་ཐུབ་པ་བྱེད་དགོས་པ་དང་། མང་ཚོགས་ཀྱིས་ཏང་གི་རྗེས་སུ་འབྲངས་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཤུགས་ཆེན་སྤེལ་དགོས་པ། མང་ཚོགས་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཝུའུ་དབྱིང་ཅེ་དང་བཅས་པས་ད་དུང་ལས་འགན་སྒྲུབ་བཞིན་པའི་དྲག་ཆས་ཉེན་རྟོག་དཔོན་དམག་དང་སྤྱི་བདེ་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་ཐོག་ཁོང་ཚོས་ལས་དོན་ཏན་ཏིག་སྒྲུབ་པར་ཁས་ལེན་གང་ལེགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།