དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཀྲོའུ་ཁྲུན་ལའེ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་རིང་ལྷ་སའི་རྫོང་གསུམ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ཟླ་11ཚེས་8དང་ཚེས་9ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ཁྲུན་ལའེ་ཡིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་དང་། མལ་གྲོ་གུང་དཀར་རྫོང་། སྟག་རྩེ་རྫོང་བཅས་སོ་སོར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་གནང་བ་དང་ཆབས་ཅིག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པར་གཟིགས་པ་མ་ཟད་འཚམས་འདྲིའང་གནང་བ་རེད།

        ཀྲོའུ་ཁྲུན་ལའེ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་དོན་སྙིང་ངེས་པར་དུ་ངོས་འཛིན་གང་ལེགས་ཀྱིས་ཐོམ་སྦྲིད་ལྷོད་གཡེང་གི་བསམ་བློ་ཐོན་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་དམག་འཁྲུག་ལ་སུན་སྣང་སྐྱེ་བའི་བསམ་ཚུལ་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད། ལྷག་པར་དུ་སྟེས་དབང་གི་བསམ་ཚུལ་མེད་པ་བཟོ་བ་དང་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་དང་བརྟན་ལྷིང་ལ་ཞབས་འདེགས་ཞུ་བའི་བསམ་བློ་བརྟན་པོ་བཙུགས་ནས “སྔོན་འགོག་ནན་ཏན་བྱེད་དགོས་པ་བཞི ”གཙོ་གནད་དུ་བརྩིས་ཐོག་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་འདང་བའི་ཆ་ཡང་ནས་ཡང་དུ་སྐོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཤུགས་ཆེར་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ལམ་ཁ་གསལ་བཟོ་བ་བཅས་བྱས་ནས་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།