དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་མཛད་སྒོའི་སྐོར་གྱི་བཪྙན་འཕྲིན་གཅིག་སྡུད་ཐོག་གསན་གཟིགས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཟླ་11ཚེས་8ཉིན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱིས་ལྷ་སར་ཡོད་པའི་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་ཏང་ཡོན་འགོ་ཁྲིད་བློ་མཐུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་མཛད་སྒོའི་བཪྙན་འཕྲིན་གཅིག་སྡུད་ཐོག་གསན་གཟིགས་གནང་རྒྱུ་སྒྲིག་འཛུགས་བྱས་པ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན་གལ་ཆེན་གསན་པ་རེད།

        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཞའོ་ཀང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ། ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་པ་སངས་བཅས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཅིག་སྡུད་གསན་གཟིགས་ནང་ཞུགས་ཡོད་པ་རེད།

        གསན་གཟིགས་གནང་རྗེས་ཚོགས་ཞུགས་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གནང་བའི་སྙན་སྒྲོན་ལ་དམིགས་ནས་གྲོས་བསྡུར་འཁྲུག་པོ་གནང་བ་དང་། ཚང་མས་གང་བསམ་ལྷུག་གླེང་དང་། མྱོང་ཚོར་གླེང་བ། ངོས་འཛིན་གླེང་བ་བཅས་བྱས་པས་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་དང་ཟོལ་མེད་ཀྱི་བརྩེ་སེམས་ཀྱང་བཅངས་ཡོད་པ་རེད། ཚང་མས་བློ་མཐུན་ཧུའུ་ཅིན་ཐའོ་ཡི་སྙན་སྒྲོན་ནི་མི་སེམས་འགུལ་བ་ཞིག་ཡོད་པས་ང་ཚོས་ངེས་པར་དུ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་བོད་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོགས་པ་དེ་ནི་རང་རྒྱལ་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སུ་དང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བ་བཅས་ཀྱི་འགག་སྒྲོལ་དུས་སུ་འཚོགས་པའི་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག བཀྲ་ཤིས་པའི་བྱ་བ་དང་བྱ་བ་གཟབ་རྒྱས་ཤིག་བཅས་ཡིན་པས་རྒྱལ་ཡོངས་ཀྱིས་དོ་སྣང་བྱེད་པ་དང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེང་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སྒོ་ཀུན་ནས་ཕྱོགས་སྡོམ་གནང་བའི་རྨང་གཞིའི་ཐོག་དེང་གི་འཛམ་གླིང་དང་དེང་རབས་ཀྱི་ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་ལ་སྒོ་ཀུན་ནས་ཞིབ་ལྟ་གནང་བ་དང་། རང་རྒྱལ་འཕེལ་རྒྱས་གཏོང་བའི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་པ། དུས་རབས་ཀྱི་རེ་བ་དང་མི་དམངས་ཀྱི་བསམ་འདུན་དང་འཚམ་པའི་བྱ་སྤྱོད་ཀྱི་རྩ་འཛིན་དང་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་གནང་བ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བརྗོད་དོན་གཙོ་བོར་བྱ་རྒྱུ་གསལ་བཏོན་གནང་བ། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་རྒྱུ་དེ་གཙོ་ཐིག་ཏུ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེ་ཤོས་སུ་སྔར་བས་འགྱུར་བ་བྱེད་པ་བཅས་དང་འབྲེལ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་གོམ་གང་མདུན་སྤོས་བྱ་རྒྱུའི་སྐུལ་སློང་གནང་བ་དེས་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།

        ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་ཤིག་གང་མགྱོགས་འཕྱུར་བ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་སྙན་སྒྲོན་དགོངས་དོན་གྱི་ངོ་བོ་དང་ནང་དོན་གཏིང་ཟབ་པོའི་སྒོ་ནས་འགྲེལ་བཤད་ཡག་པོ་རྒྱག་དགོས། ལྗོངས་ཡོངས་ཀྱི་གསར་འགྱུར་སྨྱན་སྦྱོར་ཚན་པས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འགོ་ཚུགས་མཛད་སྒོའི་སྐོར་གྱི་བཪྙན་འཕྲིན་གཅིག་སྡུད་ཐོག་གསན་གཟིགས་བྱེད་ཚུལ་གཅིག་སྡུད་ཐོག་དྲིལ་བསྒྲགས་དང་འཕྲིན་སྤེལ་བྱེད་དགོས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་འབད་འབུངས་ལྷོད་མེད་ཀྱི་བསམ་པའི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་པ་བྱེད་དགོས། ལྗོངས་ཡོངས་སུ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱས་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དུས་ཡུན་རིང་པོའི་ནང་བོད་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་འགན་ལེན་བྱ་ཆེད་བཏོན་པའི་སྲིད་ཇུས་བྱ་ཐབས། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཚོགས་ཆེན་བཅོ་བརྒྱད་པར་དོ་སྣང་བྱེད་པ་དང་། ཚོགས་ཆེན་བཅོ་བརྒྱད་པར་སློབ་སྦྱོང་བྱེད་པ། ཚོགས་ཆེན་བཅོ་བརྒྱད་པར་ཐུན་མོང་ཐོག་རྟེན་འབྲེལ་ཞུ་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བའི་ཞི་མཐུན་དང་དགའ་སྤྲོའི་རྣམ་པ་ཞིག་སྔར་བས་གཏོད་དགོས།

        ཏུང་ཡུན་ཧུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་སྙན་སྒྲོན་དེར་ཕྱོགས་ཚང་མའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་པ་དང་མི་དམངས་ཀྱི་སེམས་གཏིང་གི་སྐད་ཆ་མཚོན་པར་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་ཀྱིས་འབྱོར་འབྱིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་བྱེད་པའི་རྩ་བའི་ཕྱོགས་སྟོན་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱས་ཏེ་གསར་འགྱུར་དྲིལ་བསྒྲགས་དང་ཕྱོགས་ཚང་མར་ཁྱབ་པའི་གཏམ་བཤད་སོགས་ཀྱི་བྱ་ཐབས་བརྒྱུད་འཕྲིན་སྦྲེལ་དྲ་བ་དང་ཁ་པར་གསར་འགྱུར་སོགས་སྨྱན་སྦྱོར་གྱི་བྱ་ཐབས་གསར་པ་ཧུར་ཐག་སྤྱད་དེ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པ་དང་མང་ཚོགས་ལ་ཤེས་སུ་བཅུག་པ་དང་གཞི་རིམ་དུ་སློབ་སྦྱོང་དང་ལག་བསྟར་བྱ་ཚུལ་གོང་ཞུ་དང་ཁྱབ་གདལ་དུ་གཏོང་དགོས་ལུགས་བསྟན་གནང་བ་རེད།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཏེ་ལི། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆའོ་ཡོན་ཀྲུང་བཅས་ཀྱིས་གྲོས་བསྡུར་ཁྲོད་གཏམ་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།