དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་དགུ་པ་གཙོ་སྐྱོང་གནང་སྟེ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་1ཉིན་གྱི་སྔ་དྲོར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་2012ལོའི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་དགུ་པ་གཙོ་སྐྱོང་གནང་སྟེ་འཚོགས་ནས་ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་རིང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཐད་ཞིབ་འཇུག་བྱས་པ་དང་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་དབྱི་ཀྲི་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་དང་། མོང་ཏེ་ལི། བདེ་སྐྱིད། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཧྲི་ཤུན། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་བཅས་ཚོགས་འདུར་ཞུགས་པ་རེད།

        ཚོགས་འདུའི་ཐོག་ད་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔ ”དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱོགས་གཅིག་ནས་བརྟན་ལྷིང་སྲུང་སྐྱོང་དམ་འཛིན་དང་ཅིག་ཤོས་ནས་དཔལ་འབྱོར་འཕེལ་རྒྱས་དམ་འཛིན་གྱིས་བརྟན་ཐོག་མྱུར་འཕེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཀྲུང་དབྱང་གིས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་སྐུལ་མ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུའི་གོ་སྐབས་དམ་འཛིན་བྱས་པ། “ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་ཆེ་རུ་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ ”བཅས་ལ་ཤུགས་སྣོན་བརྒྱབ་པ། ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གནས་ཚུལ་བཟང་བ། “དཔལ་འབྱོར་འཕར་ཚད་བརྟན་ལ་མགྱོགས་པ་དང་། ཁྲལ་འབབ་དང་ཡུལ་སྐོར་ལ་སྒོར་དུང་ཕྱུར་བརྒྱ་ལས་ཚད་བརྒལ་བྱུང་བ། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་བྱེད་ཤུགས་ཆེ་བ ”བཅས་ཀྱི་ཁྱད་ཆོས་མངོན་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།

        གོམ་སྟབས་རྗེས་མའི་ལས་དོན་ཐད་ཝུའུ་དབྱིང་ཅེས་བླང་བྱ་གསུམ་བཏོན་གནང་བ་སྟེ། གཅིག་ནི་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ཡིད་ཆེས་བརྟན་དུ་གཏོང་བ་བཅས་ཀྱི་སྒོ་ནས་12%ཡན་གྱི་དཔལ་འབྱོར་འཕར་བའི་དམིགས་ཚད་སྒྲུབ་རྒྱུར་གཡོ་འགུལ་མི་ཐེབས་རྒྱུའི་འགན་ལེན་བྱ་དགོས། གཉིས་ནི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་དཀའ་ངལ་ཁྱད་བསད་དང་དོན་འཁྱོལ་དམ་འཛིན་གྱིས་འཕར་རྒྱུ་འགན་ལེན་བྱེད་པའི་སྲིད་ཇུས་བྱེད་ཐབས་ཁག་ལ་ཕན་འབྲས་ཐོན་རྒྱུ་འགན་ལེན་བྱ་དགོས། གསུམ་ནི “གནས་ཚུལ་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ལྷག་པ་བྱེད་པར ”གཞི་བཙུགས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།