དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཡིད་ཆེས་བརྟན་པོའི་ངང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་བླང་བྱ་བཏོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་1ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ཡིད་ཆེས་བརྟན་དུ་གཏོང་བ་དང་བསམ་བློར་བཅིངས་འགྲོལ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

        ཆེ་དགྲ་ལྷས་དུས་འགོའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བར་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་རྣམ་གྲངས་རག་ཐབས་བྱེད་པ་དང་། བསམ་བློར་སྔར་བས་བཅིངས་འགྲོལ་བཏང་སྟེ་ཚོང་འགུགས་མང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཆེ་གྲས་དག་གི་མ་རྩ་བཏང་ནས་ལས་རིགས་དར་སྤེལ་གཏོང་བར་ཡོང་རྒྱུའི་ཡིད་དབང་འགུགས་པ། སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་སྟེ་རྣམ་གྲངས་ཀྱི་ཞིབ་མཆན་གོ་རིམ་སྟབས་བདེ་རུ་བཏང་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པ། མ་དངུལ་མཉམ་འདྲེས་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མ་དངུལ་མཐུན་སྦྱོར་ཡོང་བ་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་པ། འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ་བྱ་དགའ་ཆད་གཅོད་ཁ་གསལ་བཟོ་བ་དང་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་ཐད་བྱས་རྗེས་ཡོད་མཁན་ལ་བྱ་དགའ་ཆེན་པོ་སྤྲོད་པ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་ཡོངས་སུ་གོང་འོག་ཚང་མས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཤིག་ཧུར་ཐག་ཆགས་པ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།