དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ངོས་འཛིན་མཐོར་འདེགས་དང་བྱ་ཐབས་ཞིབ་ཕྲའི་སྒོ་ནས་འབྲས་སྤུངས་དགོན་གྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་26ཉིན་གྱི་ཕྱི་དྲོ་འབྲས་སྤུངས་དགོན་དུ་བཅའ་སྡོད་རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་འབྲས་སྤུངས་དགོན་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འབྲས་སྤུངས་དགོན་དུ་བཅའ་སྡོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་རྡོ་རྗེ་ཚེ་རིང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་རིང་འབྲས་སྤུངས་དགོན་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་ལ་རྡོ་རྗེ་ཚེ་རིང་གིས་གཅིག་ནས་ངོས་འཛིན་སྔར་བས་མཐོ་རུ་གཏོང་དགོས་པ་དང་། གཉིས་ནས་བྱ་ཐབས་དེ་བས་ཞིབ་ཚགས་ཡོང་བ་བྱེད་དགོས་པ། གསུམ་ནས་འགན་འཁྲི་དེ་བས་ཁ་གསལ་དུ་གཏོང་དགོས་པ། བཞི་ནས་སྒྲིག་ཁྲིམས་དེ་བས་ནན་དུ་གཏོང་དགོས་པ། ལྔ་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་སྐབས་ཤུགས་སྣོན་སྔར་ལས་ཆེན་པོ་རྒྱག་དགོས་པ། དྲུག་ནས་འགོ་ཁྲིད་བྱེད་ནུས་ཐད་དེ་བས་ཤུགས་སྣོན་རྒྱག་དགོས་པ། བདུན་ནས་བརྗོད་བྱ་གཙོ་བོའི་སློབ་གསོ་དེ་བས་གཏིང་ཟབ་ཏུ་གཏོང་དགོས་པ། བརྒྱད་ནས་ཞབས་ཞུ་འགན་སྲུང་དོན་ཐོག་ཏུ་དེ་བས་འཁྱོལ་ཐུབ་པ་བྱེད་དགོས་པ་བཅས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།