དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་སྤྲིན་ཟམ་ལས་གྲྭར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་དད་ལྡན་མང་ཚོགས་སྐོར་བར་སྐྱོད་པ་དང་ལམ་དེ་བརྒྱུད་མཁན་མང་ཚོགས་ལ་དེ་བས་བདེ་འཇགས་དང་སྟབས་བདེ་བའི་འགྲོ་ལམ་ཞིག་ནུས་ཤུགས་ཡོད་རྒུས་མཁོ་འདོན་བྱེད་ཆེད་ད་ལོའི་ཟླ་དྲུག་པར་ལྷ་ས་གྲོང་ཁྱེར་གྱིས་གླིང་སྐོར་ལམ་རྒྱུད་དུ་དམངས་ཕན་སྤྲིན་ཟམ་9བསྐྲུན་རྒྱུའི་གཏན་འབེབས་བྱས་པ་རེད། དམངས་སེམས་ལས་གྲྭ་དེའི་འཕེལ་རིམ་གནས་ཚུལ་ལ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་སེམས་ཁུར་ཆེན་པོ་གནང་གི་ཡོད། གོང་ཚེས་ཉིན་གྱི་ཕྱི་དྲོ་ཆེ་དགྲ་ལྷས་དམངས་ཕན་སྤྲིན་ཟམ་ལས་གྲྭའི་འཕེལ་རིམ་གནས་ཚུལ་ལ་ས་ཆ་དངོས་སུ་བརྟག་ཞིབ་གནང་བ་རེད།

        ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་སྤྲིན་ཟམ་ལས་གྲྭ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ལ་དམིགས་ནས་ལག་བསྟར་བྱེད་པའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་རེད། ལས་གྲྭ་ལག་བསྟར་བྱས་ཚུན་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། གཞོགས་འདེགས་ཧུར་ཐག དཀའ་ངལ་ཁྱད་བསད་བཅས་བྱས་ནས་ཕན་འབྲས་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཏེ་གོམ་སྟབས་རྗེས་མའི་ལས་ཀའི་ཆེད་དུ་ཉམས་མྱོང་བསགས་པ་དང་། ལམ་བུ་གནད་འཁེལ་བཙལ་བ། རྨང་གཞི་བཟང་པོ་བཏིང་བ་བཅས་བྱས་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

        ཆེ་དགྲ་ལྷས་འཆར་འགོད་ཚན་པས་བོད་ཀྱི་དམིགས་བསལ་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ནས་ཇུས་འགོད་དམ་ཚགས་བྱ་རྒྱུའི་འགན་ལེན་བྱེད་དགོས་ཤིང་། ལས་གྲྭའི་ཨར་ལས་ཀྱི་བདེ་འཇགས་དང་། སྤུས་ཀ ཚན་རིག་དང་མཐུན་པའི་མ་འཇོག་ཚོད་འཛིན་བཅས་བྱ་རྒྱུ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་གྲྭའི་མྱུར་ཚད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་ལས་གྲྭའི་དུས་རིམ་ཟློག་བརྩི་བྱས་ནས་གླིང་སྐོར་ལམ་རྒྱུད་ཀྱི་དམངས་ཕན་སྤྲིན་ཟམ་དེ་དག་2013ལོའི་ཟླ་དང་པོའི་ཟླ་མཇུག་ཏུ་ཚང་མ་ལས་མཇུག་འགྲིལ་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།