དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་རི་རྫོང་དུ་རྫོང་དང་ཤང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་འཕྲལ་སྒྲུབ་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་10ཚེས་25ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་རྒྱུན་ལས་བཀོད་འདོམས་པ་གཞོན་པ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་དང་བཅས་པ་ལྷ་རི་རྫོང་ཨར་རྩ་གྲོང་རྡལ་དང་། ཤར་མ་ཤང་། གླིང་མཐིལ་ཤང་བཅས་སུ་ཕེབས་ནས་རྫོང་དང་ཤང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་འཕྲལ་སྒྲུབ་ཞིབ་བཤེར་གནང་བ་དང་། གཞི་རིམ་གྱི་ལས་བྱེད་པ་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ལ་འཚམས་འདྲི་གནང་བ་རེད།

        རྫོང་དང་ཤང་གི་ལས་དོན་སྙན་ཞུ་གསན་རྗེས་བློ་བཟང་རྒྱལ་མཚན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་འགག་སྒྲོལ་ལས་དོན་སྤེལ་འགོ་ཚུགས་མོད། འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀར་འཕྲད་པའི་ཉེན་ཁ་དང་འགྲན་སློང་སྔར་བཞིན་ཧ་ཅང་མངོན་གསལ་དོད་པོ་ཡོད་ཅེས་གསུངས་པ་དང་། ཁོང་གིས་རིམ་པ་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་མིག་སྔའི་སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཪྙོག་འཛིང་རང་བཞིན་དང་། རྣོ་ངར་རང་བཞིན། ཤིན་ཏུ་གལ་ཆེ་བའི་རང་བཞིན་གསལ་པོ་རྟོགས་པ་བྱས་ཏེ་འགོག་རྐྱེན་མཐའ་དག་མེད་པར་བཟོ་བ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཨང་དང་པོར་བཞག་ནས་གཟབ་གཟབ་ནན་ནན་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་ལས་དོན་བསྒྲུབས་པ་བརྒྱུད་ལྗོངས་དང་ས་ཁུལ་རིམ་པའི་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བཪྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ཆད་ལུས་མེད་པ་དང་། དོན་དངོས་དང་ཟུང་འབྲེལ། གསར་གཏོད་རང་བཞིན་བཅས་ཀྱི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།